ཀླུ་མོའི་མེ་ལོང་ལྟར་འཇམ་པའི་མཐིང་མདོག་གི་མཚོ་མོར
བསིལ་རླུང་གིས་ཁད་ཀྱིས་སྐྱོམས་པའི་སྤྲིན་གསེབ་ཀྱི་གསེར་ཏོག
རྒྱལ་མཚན གདུགས བདག་གི་པོ་ཏ་ལའི་རྒྱབ་གཟུགས
ད་དུང དྲུག་པ་ཚངས་དབྱངས་རྒྱ་མཚོའི་གསང་བའི་ཞབས་རྗེས
སྡོང་ལོའི་གཡབ་མོ་དང ཉེའུ་ཆུང་གི་འཁྱུག་བགྲོད་བར་ན་འཛུམ
ནམ་རྒྱུན འཇོལ་མོའི་གྲེ་འགྱུར་སྙན་པའི་རྫོང་རྒྱབ་ཀླུ་ཁང་དུ
ཤ་ལས་རུས་པ་འཇམ་པའི་ཨ་མ་ཆང་མ་དང གནས་མོ ཀླུ་མོ
སུ་ཞིག་གིས་དྲངས་པའི་བསུ་ཆང་ལྟ་བུའི་དྲན་པའི་བདུད་རྩིས
བདག་གི་རྣམ་ཤེས་ཀྱི་རྫ་བུམ་བྱུར་བུར་གཏམས་པའི་སྐད་ཅིག་མར
ཁ་བའི་གཤོག་པ་ཐོགས་པའི་ཞབས་རྗེས་ཀྱི་ཕྱེ་ལེབ་སེར་པོ
ལྷ་ཡི་བཟོ་བོས་བརྡུངས་པའི་མཚན་མོའི་རྣ་ཆར་འཁྲུལ་སོང
ལན་རེར ཚོན་རྩིས་ཁ་དོག་བསྒྱུར་བའི་བར་སྐོར་གྱི་མི་ཚོགས་ཀློང
འོད་ཀྱི་རྨུ་ཐག་ལས་བྱོན་པའི་དག་ཞིང་གི་ལྷ་དང་ལྷ་མོའི
འཇའ་ལུས་གོས་སུ་རློམ་པའི་ཡུལ་སྐོར་བའི་པར་ཆས་ཀྱི་སོ་ཁར
རི་དྭགས་བཞིན་རྨས་ཀྱིན་པའི་རང་ཉིད་ཚལ་བརྒྱར་གཏུབ་དུས
བལ་པོའི་སྦྱིན་བདག་གི་ཚོང་གཡོག་ཨ་ཙ་ར་དེ་དྲན་འོངས
རྨོ་མོས་ཟེར་ན རྫོང་རྒྱབ་ཀླུ་ཁང་གི་འཇོལ་མོའི་གྲེ་འགྱུར
ཀླུ་མོའི་ངག་ལས་འཁྲོལ་བའི་པོ་ཏ་ལའི་རྒྱ་གླིང་ཡིན་པར་སྐད
སྤོ་བོས་ཟེར་ན ཁ་བའི་ཕང་དུ་ཟུག་པའི་ཕྱེ་ལེབ་སེར་པོ
ཀླུ་མོའི་བྱོན་ལམ་ནས་རྙེད་པའི་མཚན་མོའི་རྣ་ཆ་ཡིན་པར་སྐད
སེམས་ཀྱི་ཕ་མཐའ་བརྒལ་བའི་ལྷ་མོའི་ཕ་ཡུལ།
ཉིན་གུང་ཉི་མས་གདུང་དུས
རང་ལ་དབང་བའི་སྒོ་འགྲམ་གྱི་ལྕང་སྡོང་འོག
འཁྱུག་ཙམ་བསྡད་པའི་བདེ་བ
བསིལ་རླུང་གི་ལྡང་ཕྱོགས་ལས
སེམས་ཀྱི་ལྷ་མོའི་བདུད་རྩི་ནང་བཞིན
བདག་གི་ངོ་གདོང་ན་སབ་སིབ་ཀྱིས་བྱོ
སེམས་ཀྱི་ཕ་མཐའ་བརྒལ་བའི་ལྷ་མོའི་ཕ་ཡུལ་ན
གྲོང་ཁྱེར་གྱི་འདུ་འཛི་དང རླངས་འཁོར་གྱི་དུང་སྒྲ
ཨར་འདམ་གྱི་ཐོག་ཁང མཚན་མོའི་ནང་མ་ཁང
འཕྱོན་མའི་གཡེར་བག དངུལ་ལོར་གྱི་ཆག་པ
རྡོ་སོལ་གྱི་ཚིག་དྲི ཟི་ཁྲོན་ཚལ་གྱི་དྲི་མ
སྐད་ར་མ་ལུག་གི་འཚམས་འདྲི འདྲེ་སྐད་ཀྱི་གཅམ་བུའི་ཚིག
དབང་བོ་སྦྲིད་བྱེད་ཀྱི་འཇིག་ཉེན་གྱི་ཚོར་བ་འདི་དག
མེད་བཞིན་སྣང་བའི་སྒྱུ་མའི་རྟེན་འབྲེལ་གྱི་བཟོ་བོས
རྟོག་པའི་རི་མོར་བཞེངས་པའི་ཆོས་ཉིད་སྟོང་བར་བདེན་ན
སྙིང་ཉེ་ཡཱ ལས་འབྲས་ཀྱི་དཀར་ནག་རྡེའུས་བདལ་པའི
སྤྱི་སྤྱོད་རླངས་འཁོར་འདིའི་ས་ཚིགས་མཐའ་མར
སེམས་ཀྱི་ཕ་མཐའ་བརྒལ་བའི་ལྷ་མོའི་ཕ་ཡུལ་ཨེ་ཡོད