རྒན་གྱའི་གཞུང་གི་བུ་མོ།

བྲག་རྡོ། (མཚོ་བྱང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-26


རྒན་གྱའི་བྲག་དཀར་ཁྱོད་ཀྱི་ཕ་ཡུལ་ཡིན

ང་དེ་རིང་རྒན་གྱའི་བྲག་དཀར་འདབས་ཀྱི་མགྲོན་པོ་དེ་ཡིན

ཁྱོད་ཀྱི་མགྲོན་པོའང་ཡིན

 

ཆར་ཟམ་ཟིམ་ཁྲོད་ཀྱི  སྨུག་ལང་ལོང་ཁྲོད་ཀྱི་རུ་སྡེ

ངའི་མིག་ལམ་ཆར་བས་བཀག་ནའང

ངའི་སེམས་པ་སྨུག་པས་བཏུམས་ནའང

ངས་མིག་གིས་རུ་སྡེ་འདི་འཚོ་འདོད

ངས་སེམས་པས་རུ་སྡེ་འདིར་ཉུལ་འདོད

 

རྒན་གྱའི་གཞུང་གི་བུ་མོ 

སྨུག་ལང་ལོང་ཁྲོད་ཀྱི་རྫི་གླུ་ཡིན་ནམ  

ཆར་ཟམ་ཟིམ་ཁྲོད་ཀྱི་བསིལ་རླུང་ཡིན

 

རྒན་གྱའི་རྩྭ་ཐང་འདི་ཁྱོད་ཀྱི་ཕ་ཡུལ་ཡིན

ང་དེ་རིང་རྒན་གྱའི་རྩྭ་ཐང་གི་འགྲུལ་བཞུད་པ་ཡིན

ལམ་དཀར་པོར་སེམས་ཀྱི་སྨོན་ལམ་བཏབ་ཡོད

 

                                                        2017.9.9


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1