མཐར་ཕྱིན་གླུ། --- 2017ལོའི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་ཡོངས་ལ་ཕུལ།

རྐང་ཐང་བ། (ཟི་ལིང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-26


སྐར་མ14སྟེང

སྤྱི་སྤྱོད་རླངས་འཁོར་དུ་བུད

མི་ལ་ལས་སྒེའུ་ཁུང་ལས་ཕྱི་རོལ་ལ་ལྟ

ཡང་མི་ལ་ལས་ཁ་པར་ལས་འཇིག་རྟེན་ལ་ལྟ

ངས་ཆེས་གྲལ་རྔ་ནས

རོལ་དབྱངས་ཀྱི་ལོ་མ་ཞིག་སྒོམ་ཞིང

ནམ་མཁའ་ཡི་མཆུ་སྒྲོས་ཤིག་དྲན

 

སྐར་མ17སྟེང

སྤྱི་སྤྱོད་རླངས་འཁོར་གྱིས

འབབ་ཚིགས་སུ་ཐོན་འདུག་ཅེས་བརྡ་བརྒྱབ

དེ་ནི་མཐར་ཕྱིན་སོང་ཞེས་པའི་གསལ་བརྡ་དེ་རེད

 

སྐབས་འདིར

ཁྱེད་ཚོ་ཞྭ་མོ་གྲུ་བཞིའི་པར་ལེན་དུ་རྒྱུག

ངས་ཁྱེད་ཚོའི་གྲིབ་གཟུགས་སྐྱོགས་ཀྱིས་བཅུས་ནས

ངའི་ཨམ་ཕྲག་ཏུ་ཤག་ཤག་གིས་བླུགས

            2

ཉི་མའི་ཕ་བོང

གླིང་རེ་རེ་ཡི་རྒྱབ་རི་དང

མཚོ་རེ་རེ་ཡི་ནོར་བུ་ཡིན་པས

ས་སྲོས་ཀྱི་ཅོག་ཙེ་འཁོར་ལོ་མ་རུ

རང་རང་ས་ནས

རྒུན་ཆང་གི་འོད་སྣང་ཕུལ་ཞིང

གསེར་ཡིག་གི་བསུང་ངད་བཏང

                      3

བསྡུ་གསོག་ཡོད་ཚད་བརྒྱབ་ཚར་རྗེས

ཅོག་ཙེ་འདི  ང་ཡི་ཅོག་ཙེ

གྱེས་བྲལ་གྱི་མིག་ཟུང་དང་འདྲ་བར

ཆུ་དོང་ཟབ་མོ་ཞིག་ཏུ་གྱུར

ཆུ་དོང་ལས་རླུང་བུ་འཁྱག་པ་ཞིག་ཤོར་ཡོང་ནས

ངའི་སྙིང་ལ་བ་སྤུ་གྲངས་མེད་བཙུགས

                4

རླངས་འཁོར་ཇི་ལྟར་མདུན་དུ་བསྐྱོད་ན

སེར་ལམ་ལམ་གྱི་ཀེ་ཚེ་མེ་ཏོག

དེ་ལྟར་ཕྱི་སྣུར་རྒྱག

སྐད་ཅིག་སྐད་ཅིག་ལ་དེ་ལྟར་ཕྱི་བསྣུར་རྒྱག

སྐབས་འདིར  ཁྱེད་ཀྱིས་ཀྱང

གྲུ་ཚིགས་དྲ་ཁར་འཁེན་ནས

མིག་ཟུང་མ་རྡེབ་པར་ཅེར་ཡོད

                5

ལྒང་བུ་དེ་བཀད་མ་ཐག

དེའི་ནང་གི་སྲན་རིལ་དག

སའི་གོ་ལའི་སྒལ་གཞུང་དུ་འཐོར

ཡུན་གྱིས་འགོར་ན

སྲན་མ་ལ་མྱུ་གུ་འབུས་ནས

མྱུ་གུ་ལ་གང་བུ་ཐོགས་ཏེ

སྲན་མ་ཧ་ཅང་མང་པོ་མང་པོ་ཞིག་རྒྱས་སྲིད

                    6

གྲོག་མས་སྒོ་མོ་རྡུང་ན

འབོལ་ཁྲིའི་བར་སྲིབ་ནས་ཁྱེད་རང་མི་གཉིད

རླུང་གིས་ཤོག་བུ་རྫོགས་ན

ལྕགས་སྨྱུག་རྒྱབ་ཕྱོགས་ནས་ང་རང་མི་བཞའ

ཁྱོད་དང་འུ་གཉིས

ཧྥུར་ཅ་ཆུ་བོའི་གྲུ་འཐེན་གླ་བ་བཞིན

ས་གཞི་དང་བཅས་པ་རྒྱང་དུ་འདྲུད

རྒྱང་དུ་འདྲུད  རྒྱང་རིང་ན་རི་ཆུའི་ཕོ་བྲང་འདུག

 

                          7

ཁྱེད་ཕེབས་དང  འུ་ཚོས

ནམ་མཁའི་སྒོ་སམ་དུ་མཐའ་མཇུག་གི་སྙན་ཚིག་ཅིག་བྲི

"གཟུགས་དང་འོད་ལ་བཀའ་དྲིན་ཆེ

ཤེལ་ཆག་དང་ལྡ་ལྡི་ལ་བཀའ་དྲིན་ཆེ

སྡོང་ལོ་དང་རུས་སྦལ་ལ་བཀའ་དྲིན་ཆེ

བཀའ་དྲིན་ཆེ  ངའི་རྗེས་སུ་འདུར་བའི་ནགས་ཚལ་ལ་བཀའ་དྲིན་ཆེ

བཀའ་དྲིན་ཆེ  ངའི་སྨིན་མར་བབས་པའི་འབུ་སྦྲང་ལ་བཀའ་དྲིན་ཆེ"

 

                                                2017.06.20 རེབ་གོང་ནས།

 


རྩོམ་ཡིག་སྔོན་མ།
ནམ་ཉི་མ་ཞིག་ལ།
རྩོམ་ཡིག་རྗེས་མ།
རྒན་གྱའི་གཞུང་གི་བུ་མོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1