ལྕགས།
བཙན་མཁར་བ། (རྨ་ལྷོ)
གོར་མ་རྡོ་ལས་བྱུང་བའི་ཁྱོད ཤིན་ཏུ་སྲ
ཚ་ཟེར་གྱི་ཉི་མས་གཏན་དུ་བཞུ་མ་བཏུབ
གོར་མ་རྡོ་ལས་བྱུང་བའི་ཁྱོད རབ་ཏུ་མཁྲེགས
གྲང་འཁྱག་གི་རླུང་བུས་ཡེ་ནས་བསྒུལ་མ་བཏུབ
སུས་ཀྱང་བསྒྱུར་དཀའ་བའི་ཁྱོད
རབ་ཏུ་འཇམ་པའི་ཆར་གྱི་ཐིགས་པ་ཁོ་ནས་བརྡར
སྤྲིན་པའི་ཁུད་ཀྱི་ཐིགས་པ་སྙི་མོ
རེ་རེ་བཞིན་ཁྱོད་ཀྱི་རུས་པའི་གཏིང་ལ་ལྷུང
སྲ་ཞིང་འཐས་པའི་ལྕགས
ལྕགས་ཀྱི་གོང་བུ་ནག་པོ་ཁྱོད་ལྷག་མེད་དུ་བཞུས