ཀྲུང་གོ་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་ཚོགས་པ་སྒྲིག་འཛུགས་གནང་ནས་ཐའེ་ཝན་དུ་ཆོས་ལུགས་རིག་གནས་སྤེལ་རེས་གནང་བར་ཕེབས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-17


        ཟླ་12ཚེས་13ཉིན། ཐའེ་ཝན་ཀྲུང་ཧྭ་རྒྱ་བོད་ནང་བསྟན་རིག་གནས་མཉམ་འདྲེས་ཡར་སྐུལ་ཚོགས་པའི་གདན་ཞུས་ལྟར། ཀྲུང་གོ་བོད་བརྒྱུད་ནང་བསྟན་སློབ་གླིང་གི་སྤེལ་རེས་ཚོགས་པ་ཐའེ་ཝན་དུ་འབྱོར་བ་དང་། དེར་དུས་ཡུན་གཟའ་འཁོར་གཅིག་རིང་གི་ནང་བསྟན་རིག་གནས་སྤེལ་རེས་བྱ་རྒྱུ་རེད།
          ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་ལོ་ལྟར་སྤེལ་རེས་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ཐའེ་ཝན་དུ་འཚམས་འདྲིར་བསྐྱོད་བཞིན་ཡོད། དེ་སྔོན་དང་བསྡུར་ན། ད་ཐེངས་ཀྱི་སྤེལ་རེས་ཚོགས་པའི་གཞི་རྒྱ་དང་མི་གྲངས་སྔར་ལས་མང་བ་ཡོད་ཅིང་། ཚོགས་མི་གཙོ་བོ་ཀྲུང་གོ་བོད་བརྒྱུད་ནང་བསྟན་སློབ་གླིང་གི་15ལོའི་མཐོ་རིམ་མཚན་གནས་སློབ་མ་ཡིན་པ་དང་། དེར་དགེ་ལུགས་པ་དང་། བཀའ་བརྒྱུད་པ། ཇོ་ནང་པ་བཅས་འདུས་ཡོད། སྤེལ་རེས་ཚོགས་པས་ད་དུང་ཐའེ་ཝན་དུ་སྨོན་ལམ་གསུང་བ་དང་། རྟགས་གསལ་གཏོང་བ། བགྲོ་གླེང་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1