༄༅། །༼གེ་སར་རྒྱལ་པོའི་སྒྲུང་༽གིས་འཛམ་གླིང་སྙན་རྩོམ་གྱི་རིས་ཁྲར་འགྱུར་བ་བཏང་།

ལྗོན་སྨྱུག རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས།མཚོ་སྔོན་པོ་དྲ་བ།   སྤེལ་དུས། 09-26



ཚོགས་ཡུལ་དངོས།

ཟླ8པའི་ཚེས4ཉིན་གྱི་སྔ་དྲོ།  སྐབས་ལྔ་བའི་པེ་ཅིང་(རྒྱལ་སྤྱི)བོད་རིག་པའི་བགྲོ་གླེང་ཚོགས་འདུའི་རིག་གནས་ཁག་གི་བགྲོ་ཚོགས་དེ་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སུ་སྤེལ།

         ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་འཇལ་དཔལ་རྒྱ་མཚོས་ཁ་བྱང་ལ《ཀྲུང་གོའི་གེ་སར་རིག་པའི་གྲུབ་ལུགས་དང་འཕེལ་རྒྱས》ཞེས་པའི་གཏམ་བཤད་ཅིག་སྤེལ་བ་སྟེ། ཁོས་བཤད་རྒྱུར། རང་རེའི་གེ་སར་རིག་པའི་གྲུབ་འབྲས་ཆེན་པོ་བླངས་པར་ཕྱོགས་གཉིས་ཀྱི་མཛད་རྗེས་ལྡན་ཏེ། བོད་མི་རིགས་འདིས་ཁྱད་དུ་འཕགས་པའི་ལོ་རྒྱུས་སྙན་རྩོམ་གསར་གཏོད་གནང་བར་ཀྲུང་གོ་དང་ཐ་ན་འཛམ་གླིང་མི་དམངས་ཀྱིས་ཡང་བསྐྱར་ཞིབ་གཟིགས་ཤིག་བྱེད་དགོས་བྱུང་བ་དང་།  དེ་མཚུངས་སུ《གེ་སར་རྒྱལ་པོའི་སྒྲུང》ནི་བོད་རིགས་མང་ཚོགས་ཀྱིས་གཅིག་ལྕོགས་གསར་སྐྲུན་གནང་བའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་ཆེན་མོ་ཞིག་ཡིན་པའི་ཆ་ནས་འཛམ་གླིང་ལོ་རྒྱུས་སྙན་རྩོམ་གྱི་རིས་ཁྲར་འགྱུར་བ་བཏང་། དེར་བརྟེན་ཐེངས་འདིའི་རྒྱལ་སྤྱིའི་ཚོགས་འདུར་བརྒྱུད་དེ་མི་གང་མང་ཞིག་གི་གཟིགས་རྟོགས་དང་རྒྱབ་སྐྱོར་སྔར་ལས་ལྷག་པ་གནང་རྒྱུ་དང་།  གེ་སར་རིག་གནས་མུ་མཐུད་རྒྱལ་ཡོངས་ལ་ཕྱོགས་ཤིང་འཛམ་གླིང་དུ་བསྐྱོད་པར་སྨོན་ཟེར།

          དེར་མཐུད་དེ་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྒྲོལ་མ་དང་།  ཨ་རིའི་བྷེ་ཟེ་ཨོ་སློབ་ཆེན(Bethel University)གྱི་ཝུན་ཏེ་ཁི་ལོ་སི།  ཧོང་ཁོང་གི་ལི་ཧོས་ལིན།    ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཁང་གི་ནོར་བུ་དབང་ལྡན་སོགས་ཀྱིས་བསྟུད་མར་གཏམ་བཤད་གནང་ཞིང་།  ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱིས་རང་སོ་སོའི་ཞིབ་འཇུག་གྲུབ་འབྲས་མཉམ་སྤྱོད་དང་བགྲོ་གླེང་བྱས་པས་ཡུལ་དངོས་སུ་སྤྲོ་སེམས་འཁོལ་བའི་ཁ་དབུགས་གསར་བ་ཞིག་བསྐྱེད་བྱུང་།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1