བོད་ལུགས་གསོ་རིག་ཤེས་བྱ་ཐོར་བུ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


ལོ་སྟོད་དུ་རང་ལྗོངས་ཀྱི་གྲོང་མིའི་འཛད་སྤྱོད་བྱེད་ཚད་མགྱོགས་མྱུར་འཕར་བ།

ཉེ་བའི་ལོ་ཤས་རིང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གྱིས་སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། ལས་ཞུགས་སོགས་དམངས་འཚོའི་ཁྱབ་ཁོངས་ལ་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བར་བརྟེན། མང་ཚོགས་ཀྱི་ཕུགས་ཀྱི་སེམས་ཁྲལ་བསལ་བ་དང་། མང་ཚོགས་ཀྱི་ཡོང་འབབ་འཕར་བ། འཛད་སྤྱོད་ཀྱི་ཁོར་ཡུག་ལེགས་སུ་ཕྱིན་པ། འཛད་སྤྱོད་པའི་ཡིད་ཆེས་ཆེས་ཆེར་འཕེལ་བ་བཅས་བྱུང་ཡོད་ཅིང་། ད་ལོའི་ལོ་སྟོད་དུ་རང་ལྗོངས་ཀྱི་གྲོང་མིའི་འཛད་སྤྱོད་མགྱོགས་མྱུར་འཕར་ཡོད་པ་རེད།

ད་ལོའི་ལོ་སྟོད་དུ་རང་ལྗོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་དངུལ་ཁྱོན་སྒོར་དུང་ཕྱུར་276.23རག་པ་དེ་དུས་མཚུངས་ལས་15.1%འཕར་བ་དང་། འཕར་ཚད་དུས་ཚིགས་དང་པོ་དང་བསྡུར་ན་བརྒྱ་ཆའི་གྲངས་0.9འཕར་ཡོད་ལ་རྒྱལ་ཡོངས་ཀྱི་འཕར་ཚད་ཀྱི་བརྒྱ་ཆའི་གྲངས་5.7ལས་མཐོ་ཁར་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

གོ་འཇོ་རྫོང་གིས“དུད་སྦྲེལ་འབབ་འཕར་གྱི་དཔེ་སྟོན་ས་ཚིགས”བཙུགས་པ།

ཉིན་ཤས་གོང་གོ་འཇོ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་གིས“ངག་དབང་ལུག”གི་གསོ་སྤེལ་རྟེན་གཞི་དང་ཁམས་བཟང་འབྲུའི་ས་མཐོའི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་ལས་སྣོན་ཆེད་ལས་མཉམ་ལས་ཁང་གིས་རྫོང་ཡོངས་སུ“ངག་དབང་ལུག”གི་གསོ་སྤེལ་རྟེན་གཞི་དང་ཁམས་བཟང་འབྲུའི་ས་མཐོའི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་ལས་སྣོན་ཆེད་ལས་མཉམ་ལས་ཁང་གི“དུད་སྦྲེལ་འབབ་འཕར་གྱི་དཔེ་སྟོན་ས་ཚིཌ”བཙུགས་པ་དང་འབྲེལ་དཔེ་སྟོན་ས་ཚིགས”ཀྱི་སྒོ་བྱང་བཀལ་བ་རེད།

ལྗོངས་སྨན་རྩིས་ཁང་གིས“གངས་ལྗོངས་ཁ་བསོད་བརྒྱུད་སྤེལ”རྣམ་གྲངས་འདུན་ཞུ་བདེ་བླག་ངང་གྲུབ་པ།

སྤྱི་ཚོགས་ཡོངས་ཀྱིས་སོ་མེད་བགྲེས་སོང་ལ་མཐོང་ཆེན་དང་གཅེས་སྐྱོང་བྱེད་པ་དང་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་དང་ལྷག་དོན་དུ་བོད་ལྗོངས་ས་ཁུལ་གྱི་བགྲེས་སོང་གི་ཁ་སྦུག་བདེ་ཐང་གི་ཆུ་ཚད་མཐོ་རུ་གཏོང་ཆེད། ལྗོངས་སྨན་རྩིས་ཁང་གིས་འདུན་ཞུ་བདེ་བླག་ངང་ཐུབ་པ་མ་ཟད། རྣམ་གྲངས་དེ2018ལོའི་ཀྲུང་ཧྭའི་ཁ་སྦུག་གསོ་རིག་མཐུན་ཚོཌ“གངས་ལྗོངས་ཁ་བསོད་བརྒྱུད་སྤེལ”རྣམ་གྲངས་ལག་བསྟར་སྨན་བཅོས་སྒྲིག་གཞིར་གཏན་འཁེལ་བྱས་པ་རེད།

ཅིང་ཏུང་ཚོགས་པས་བོད་ཀྱི་ཁྱད་ལྡན་ཐོན་ལས་ཕྱིར་ཁྱབ་གདལ་གཏོང་རྒྱུར་རོགས་རམ་བྱས་པ།

ཟླ་9ཚེས་6ཉིན། ཅིང་ཏུང་ཚོགས་པས་ལྷ་ས་གྲོང་ཁྱེར་སྲིད་གཞུང་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ་རེད། ཚེས་9ཉིན་གྱི་སྔ་དྲོ། ཅིང་ཏུང་ཚོགས་པ་དང་བོད་ལྗོངས་ཇོ་རིའི་འཁྱག་རོམ་གྱི་ཆུའི་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སི(གཤམ་ལ“ཇོ་རིའི་ཁྱགས་རོམ”ཞེས་བསྡུ་རྒྱུ)དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་རེད། འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ཁག་གཉིས་བཞག་པའི་དམིགས་ཡུལ་ནི་བོད་ཀྱི“དྲ་སྦྲེལ་+”ཀྱི་འཕེལ་རིམ་ལ་སྐུལ་འདེད་བཏང་ནས་བོད་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་ཁྱབ་གདལ་གཏོང་རྒྱུར་རོགས་རམ་བྱ་ཆེད་ཡིན་པ་རེད།

2018ལོའི་ལོ་འཁོར་གྱི་གཞོན་ནུ་ཤེས་དཔལ་ཅན་གཏོད་པའི་ལས་དོན་གྱི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

ཟླ་8ཚེས་27ཉིན་སྡེ་ཚོགས་ཀྲུང་དབྱང་གཞོན་ནུ་འཕེལ་རྒྱས་པུའུ་དང་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པའི་2018ལོའི་བོད་ཀྱི་གཞོན་ནུ་ཤེས་དཔལ་ཅན་གཏོད་པའི་ལས་དོན་གྱི་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་གཞོན་ནུ་ཤེས་དཔལ་ཅན་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཚན་པ་28དང་། ལས་རིགས་ཁོངས་གཏོགས་དང་། གྲོང་ཁྱེར་དང་ས་ཁུལ་ཁག་གི་སྡེ་ཚོགས་ཨུ་ཡོན་ལྷན་ཁང་། རིམ་ཁག་གཞོན་ནུ་ཤེས་དཔལ་ཅན་བཅས་ཀྱི་མི་80གསོ་སྦྱོང་ལ་ཞུགས་ཡོད་པ་རེད།

ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི“སྦར་མཐིལ་དངུལ་ཁང་གྲོང་ཚོ”འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

ཉེ་ལམ་ལོ་ཕྱེད་ལྷག་ཙམ་རིང་། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ལྗོངས་ཡོངས་ཀྱི་ཞིང་ལས་དངུལ་ཁང་གི་ལོ་འགོའི་ལས་དོན་ཚོགས་འདུའི་ཐོག་བཏོན་པའི“སྦར་མཐིལ་དངུལ་ཁང”གཞི་རིམ་གྱི་ཞིང་འབྲོག་ཁུལ་དུ་མུ་མཐུད་ཁྱབ་སྤེལ་གང་མགྱོགས་གཏོང་རྒྱུའི་ལས་དོན་གྱི་བླང་བྱ་གཞིར་བཟུང་། དངུལ་ཁང་ཡོངས་ཀྱི་ལས་བཟོ་མཉམ་འགུལ་གྱིས་གྲོང་ཚོ་དང་ཁྱིམ་ཚང་དུ་སྐྱོད་པའི་བྱ་ཐབས་ཐོག་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ“སྦར་མཐིལ་དངུལ་ཁང”གི་འབྲེལ་ཡོད་ཤེས་བྱ་སྒྲོག་འགྲེལ་དང་དངུལ་སྨར་མིན་པའི་གཏོང་སྤྲོད་སྤྱོད་ཆས་ཀྱི་སྤྱོད་སྟངས་ངོ་སྤྲོད་གང་ལེགས་བྱས་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཁྲིམས་དང་འགལ་བའི་མགོ་སྐོར་བསླུ་བྲིད་འོག་མ་ཚུད་པ་བྱ་རྒྱུར་ཁྲིད་སྟོན་གྱིས་ཞིང་འབྲོག་མང་ཚོགས་རང་ངོས་ཀྱི་ཉེན་འགོག་ཉེན་ཟོན་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ཡོད་ལ་ལྗོངས་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་གཏོང་སྤྲོད་རྩིས་སྡོམ་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་དངུལ་རྩས་ཞིང་འབྲོག་ལས་གོང་འཕེལ་གཏོང་རྒྱུ་དང་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བྱ་རྒྱུར་རྒྱབ་སྐྱོར་གྱིས“སྦར་མཐིལ་དངུལ་ཁང་གྲོང་ཚོ”འཛུགས་སྐྲུན་ལ་ཤུགས་སྣོན་ཆེན་པོ་བརྒྱབ་ཡོད།

ས་གནས་གསུམ་གྱིས་མཉམ་འབྲེལ་ཐོག་བོད་དུ་དབང་པོ་ཞལ་འདེབས་དང་ལེན་གྱི་གཤགས་བཅོས་ཐོག་མ་དེ་ལེགས་གྲུབ་བྱུང་བ།

དབང་པོ་ཞལ་འདེབས་དང་ལེན་གྱི་གཤགས་བཅོས་ཐོག་མ་དེ་ཚེས་22ཉིན་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ལེགས་གྲུབ་བྱུང་ཞིང་། འདི་ནི་བོད་དུ་དབང་པོ་ཞལ་འདེབས་རྒྱག་ཐེངས་ཐོག་མ་ཡིན་པ་དང་། དེའི་ཐོག་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་སྲིད་འཛིན་ཁུལ་ཡོད་དོ་ཅོག་གིས་དབང་པོ་ཞལ་འདེབས་རྒྱག་པའི་ལས་དོན་སྤེལ་བ་མཚོན་ཡོད། དེ་རྗེས་དབང་པོ་བརྗེ་བའི་གཤགས་བཅོས་ཨན་ཧུའེ་ཞིང་ཆེན་དང་ཡུན་ནན་ཞིང་ཆེན་སོ་སོར་སྤེལ་རྒྱུ་རེད།

བོད་ལྗོངས་མཁའ་འགྲུལ་གྱིས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ཆེད་དོན་ལས་བསྡུའི་འདུ་ཚོགས་འཚོགས་པ།

ཉེ་དུས། བོད་ལྗོངས་མཁའ་འགྲུལ་གྱིས་2018ལོའི་དབྱར་དུས་ཀྱི་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ཆེད་དོན་ལས་བཟོ་བསྡུ་བའི་འདུ་ཚོགས་འཚོགས་པ་དང་འབྲེལ་ལྷ་སའི་འཁོར་རྒྱུག་རྟེན་གཞིར་ལོ་རྒྱུས་མདོར་བསྡུས་གདམ་སྒྲུག་བྱས་པའི་སློབ་ཐོན་སློབ་མ་38ལ་ངོ་རྒྱུཌ་བཏང་བ་རེད།

རང་ལྗོངས་ཀྱི་ཐོན་ཁུངས་ལེགས་ཆ་དཔལ་འབྱོར་ལེགས་ཆར་འགྱུར་བ།

བོད་ཀྱི་དོན་དངོས་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་གསོན་ཉམས་དོད་པའི་ངང་ལག་ལེན་བསྟར་ཆེད། ལྗོངས་ཏང་ཨུད་ཀྱིས“ལེགས་ཆ་འདོན་སྤེལ་དང་ཞན་ཆ་གསབ་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། ཐོན་ཁུངས་ཀྱི་ལེགས་ཆ་དང་བསྡུར་གཞི་ཡོད་པའི་ལེགས་ཆར་གཞིས་ཚུགས་པ། རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་སྟོན་ཕྱོགས་སུ་བྱེད་པ་དང་ཁྲོམ་རའི་དགོས་མཁོ་བསྐང་རྒྱུ་དམིགས་ཡུལ་དུ་བྱེད་པ། ཁྲོམ་རའི་གཙོ་ཁྲིད་དང་། སྲིད་གཞུང་གི་ཁྲིད་སྟོན། གཙོ་གནད་མངོན་གསལ་དོད་པ། མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་བཅས་མཐའ་འཁྱོངས་བྱེད་པ། ཐོན་ལས་ཀྱི་འཕེལ་རྒྱས་བསམ་ཕྱོགས་ཁ་གསལ་བཟོ་བ། ཐོན་ལས་འཕེལ་རྒྱས་ཀྱི་གཙོ་གནད་ལ་དམ་འཛིན་བྱེད་པ་བཅས་བྱས་ནས་ལེགས་ཆ་མངོན་གསལ་དོད་པ་དང་ཁྱད་ཆོས་མངོན་གསལ་དོད་པའི་དེང་རབས་ཀྱི་ཐོན་ལས་མ་ལག་ཅིག་ཆགས་པ་བྱས་ནས་ཐོན་ཁུངས་ལེགས་ཆ་ཉིད་དཔལ་འབྱོར་གྱི་ལེགས་ཆར་འགྱུར་བ་བྱེད་དགོས”ཞེས་བཏོན་ཡོད།

ཞོ་སྟོན་རིང་ཡུལ་སྐོར་དང་ཉོ་ཚོང་གཉིས་ཀ་ཡག་ཐོག་ཡག་བརྩེགས་བྱུང་བ།

འདི་ལོའི་ཞོ་སྟོན་རིང་། “སྲིད་གཞུང་གིས་གཙོ་གཉེར་བྱེད་པ་དང་། སྲིད་གཞུང་གི་གཙོ་ཁྲིད་འོག་ཁེ་ལས་ཞུགས་པ། ཁེ་ལས་ཁྲོམ་ར་ཅན་གྱི་འཁོར་རྒྱུག”བཅས་ཀྱི་རྣམ་པ་སྤྱད་པས་ཁྲོམ་ར་ཅན་གྱི་ཚད་གཞི་ལོ་གོང་མ་དང་བསྡུར་ན་སྔར་བས་མཐོ་རུ་སོང་ཡོད། དེའི་རིང་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཁྲོམ་ར་སྔར་བས་འཁྲུག་ཏུ་སོང་ནས་ཡུལ་སྐོར་བ་ཁྱོན་མི་ཐེངས་ཁྲི་288.98ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་20.48%འཕར་བ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་9.81བྱུང་བ་དེ་དུས་མཚུངས་ལས་25.28%འཕར་ཡོད། གྲགས་ཅན་སྤུས་ལེགས་ཚོང་ཟོག་ཉོ་ཚོང་འདུ་ཚོགས་སུ་ཚོང་འགྲིག་ཚད་སྒོར་ཁྲི་7055ཟིན་པ་དང་འདོད་མཐུན་བཞག་པའི་ཚོང་འགྲིག་ཚད་སྒོར་དུང་ཕྱུར་1.88ཟིན་ནས་ཚོང་འགྲིག་ཚད་ཁྱོན་སྒོར་དུང་ཕྱུར་2.58ཟིན་ཡོད་པ་རེད།

རང་ལྗོངས་ལ་མྱུར་སྐྱོབ་རླངས་འཁོར་220ཞལ་འདེབས་བརྒྱབ་པ།

ཚེས་18ཉིན་གྱི་སྔ་དྲོ། ལྷ་སར“2018ལོའི་སི་ཡོན་མྱུར་སྐྱོབ་ཀྱི་ཀྲུང་གོའི་བྱ་སྤྱོད”དང་པ་ཧྲ་སྤྱི་ཕན་དགེ་སྒྲུབ་ཐེབས་རྩས་བོད་རང་སྐྱོང་ལྗོངས་ལ་མྱུར་སྐྱོབ་རླངས་འཁོར་220ཞལ་འདེབས་རྒྱག་པའི་རྩིས་སྤྲོད་རྩིས་ལེན་མཛད་སྒོ་འཚོགས་པ་རེད།

རླངས་འཁོར་རྩིས་སྤྲོད་རྩིས་ལེན་མཛད་སྒོ་འཚོག་ཡུལ་དུ་མཛད་སྒོར་ཞུགས་མཁན་ཚོས་རོགས་སྐྱོར་བྱ་ཡུལ་སྨན་ཁང་ལ་མྱུར་སྐྱོབ་རླངས་འཁོར་གྱི་ལྡེ་མིག་སྤྲད་པ་དང་། རོགས་སྐྱོར་ཐོབ་མཁན་སྨན་ཁང་གི་འཐུས་མིས་གཏམ་བཤད་བྱས་པ་དང་འབྲེལ་ཐུགས་རྗེ་ཆེ་ཞུས་པ་རེད། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཝང་ཡ་ལིན་གྱིས་མྱུར་སྐྱོབ་རླངས་འཁོར་སྤྲོད་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

མངའ་རིས་བདེ་སྐྱིད་ཁང་གསར་དུ་བདེ་སྐྱིད་རྣམ་པས་ཁེངས་པ།

2016ལོ་ནས་བཟུང་མངའ་རིས་ས་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར་4.2བཏང་སྟེ་བདེ་སྐྱིད་ཁང་གསར་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ལས་གྲྭ་ལག་ལེན་བསྟར་ནས་སྡོད་ཁང་714བསྐྲུན་པ་དང་། དུད་ཚང་714ཡི་མང་ཚོགས་2952གནས་སྤོ་བྱ་རྩིས་ཡོད་པ། མིག་སྔའི་བར་དུད་ཚང་706གི་མི་གྲངས་2917གནས་སྤོས་ཟིན་པ་རེད།

བདེ་སྐྱིད་ཁང་གསར་གནས་སྤོའི་མང་ཚོགས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱ་ཆེད། མངའ་རིས་ས་ཁུལ་གྱིས་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དམངས་ཕན་བྱེད་ཐབས་ལ་དམ་འཛིན་ནན་པོ་བྱེད་པ། མང་ཚོགས་ལས་ཞུགས་ལས་གཏོད་ཐུབ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་ལ་ཕན་པ་དངོས་ཐོབ་རྒྱུར་སྐུལ་འདེད་གཏོང་རོགས་བཅས་བྱས་ཡོད།

ལོ་སྟོད་དུ་རང་ལྗོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་253.6ལྷག་ཙམ་ཟིན་པ།

འདི་ལོའི་ལོ་སྟོད་དུ་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་གཉེར་སྐྱོང་གི་དམིགས་ཚད་གཙོ་བོར་འཕར་ཚད་ཅུང་མགྱོགས་པའི་རྣམ་པ་མངོན་ཞིང་། སྐྱེལ་འདྲེན་གནམ་གྲུ་འཕུར་འབབ་ཐེངས་22778བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་ཐེངས་3125འཕར་ནས་འཕར་ཚད་15.9%ཟིན་པ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་253.6ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་མི་ཐེངས་ཁྲི་46ཉེ་བ་ཟིན་ནས་འཕར་ཚད་22.1%ཟིན་པ། སྦྲག་ཐོག་བསྐུར་མ་འདོན་འཇུག་བྱེད་ཚད་ཏུན་17168.4ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་ཏུན་1262.9འཕར་ནས་འཕར་ཚད་7.9%ཟིན་ཡོད་པ་རེད།

ལོ་གཉིས་རིང་ནག་ཆུ་གྲོང་ཁྱེར་གྱི་མི་ཁྲི་3.5དབུལ་སྒྲོལ་བྱུང་བ།

ཉེ་ཆར། ནག་ཆུ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་2016ལོར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་པ་ནས་བཟུང་། ནག་ཆུ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྤྱི་ཡོངས་ནས་སྐུལ་འདེད་བཏང་ཚུལ་ངོ་སྤྲོད་དང་གོམ་སྟབས་རྗེས་མའི་ལས་དོན་གྱི་བསམ་ཕྱོགས་གསལ་འགྲེལ་བྱས་པ་རེད།

2016ལོར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་པ་ནས་བཟུང་། ནག་ཆུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་རང་འགུལ་ངང་རྒྱུན་རྣམ་གསར་པ་དང་འཚམ་མཐུན་དང་བླང་བྱ་གསར་པ་དོན་འཁྱོལ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་བྱེད་རྒྱུ་མཐའ་འཁྱོངས་བྱས་པ་དང་དབུལ་སྒྲོལ་འགག་སྒྲོལ་དེ་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་ཤིང་། ལོ་གཉིས་རིང་དུད་ཚང་དབུལ་པོ་8849ཡི་མི་35063དབུལ་སྒྲོལ་བྱུང་བ་དང་། གྲོང་ཚོ་དབུལ་པོ་212དབུལ་པོའི་གནས་ལས་སྒྲོལ་བ། དབུལ་པོ་ཆགས་ཚད་19.56%བར་ཉུང་དུ་ཕྱིན་ཡོད།

གཞིས་རྩེ་གྲོང་ཁྱེར་གྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་66སྐྲུན་འགོ་ཚུགས་པ།

འདི་ལོ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་གྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་ཟུང་འབྲེལ་བྱེད་པ་དང་། ཚན་རིག་དང་མཐུན་པའི་བཀོད་ཇུས་དང་མང་ཚོགས་ཀྱི་འདུན་པ་ཟུང་འབྲེལ་བྱས་ཏེ“ཤུགས་སྣོན་རྒྱག་པ་བཞི”དམ་འཛིན་བྱེད་གཞིར་བྱས་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་རྒྱུར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་ཏན་ཏིག་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཁྱེར་དེའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་པའི་ནང་ཁྱོན་མཐའ་མཚམས་རྫོང་9དང་། མཐའ་མཚམས་ཤང(གྲོང་རྡལ)55 མཐའ་མཚམས་གྲོང་ཚོ་354དུད་ཚང་29915དང་མི་གྲངས་128534བཅས་ཚུད་ཡོད་པ་དང་མིག་སྔར་གྲོང་ཚོ་66འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་མ་དངུལ་སྒོར་དུང་ཕྱུར་7.98བཏང་ཡོད་པ་རེད།

ལྷུན་གྲུབ་རྫོང་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྐྱོབ་གསོའི་དངུལ་སྒོར་ཁྲི་289སྤྲད་པ།

འདི་ལོ་ལྷུན་གྲུབ་རྫོང་དམངས་སྲིད་ཅུས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྐྱོབ་གསོའི་དངུལ་སྒོར་ཁྲི་289སྤྲད་པས་མང་ཚོགས་786ལ་ཕན་པ་ཐོབ་སྟེ། མང་ཚོགས་དབུལ་པོས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་ཐུབ་པ་བྱུང་བ་རེད། ལྷུན་གྲུབ་རྫོང་དམངས་སྲིད་ཅུས་ཀྱི་འགན་འཁུར་བས“ང་ཚོས་སྔ་ཕྱི་བར་གསུམ་དུ་སྐྱོབ་གསོའི་ལས་དོན་སྲིད་ཇུས་ལག་བསྟར་བྱས་ནས་བརྟག་ཞིབ་ལས་དོན་ཧུར་ཐག་སྤེལ་བ་དང་འབྲེལ། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་ལས་ཀའི་གོ་རིམ་ཚད་ལྡན་དུ་བཏང་ནས་ཏང་ཨུད་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་མི་དམངས་ལ་དོན་ཐོག་ཏུ་འཁྱོལ་བ་བྱས་ཡོད། སྐྱོབ་གསོའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དཀའ་གནད་སེལ་རོགས་དང་རྫོང་ཡོངས་ཀྱི་མི་འབོར་དབུལ་པོའི་གཞི་རྩའི་འཚོ་བར་འགན་ལེན་བྱས་ཡོད”ཅེས་བཤད།

བོད་ལྗོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་ལས་གཉེར་དྲ་ཚིགས་ཕྱོགས་ཡོངས་ནས་གློག་རྡུལ་ཅན་དུ་གྱུར་པ།

ཉིན་ཤས་གོང་། ཁག་མཇུག་ཤོས་ཡིན་པའི་གྲོང་གསེབ་དང་གྲོང་རྡལ་གྱི་ལས་གཉེར་དྲ་ཚིགས་114ཚང་མར་གློག་རྡུལ་ཅན་གྱི་དྲ་སྦྲེལ་ཁྱོན་ཡོངས་ནས་མངོན་འགྱུར་བྱུང་བ་དང་སྦྲགས། ཀྲུང་གོ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་སྲོལ་རྒྱུན་གྱི་ལས་ཀ་བྱེད་སྟངས་ཀྱི་ལོ་རྒྱུས་ཀྱང་མཇུག་འགྲིལ་ནས་བོད་ལྗོངས་ཀྱི་དངུལ་ཁང་ལས་རིགས་དེ་ཉིད་སྒུལ་བདེའི་དྲ་སྦྲེལ་དུས་རབས་ཀྱི་རྗེས་སུ་སྙེགས་ཏེ་ཕྱོགས་ཡོངས་ནས་གློག་རྡུལ་ཅན་དུ་འགྱུར་འགོ་ཚུགས་པ་རེད།

ཀྲུང་གོ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ཧང་ཀྲང་ལུའེ་ཡུང་ཧྲེང་གིས“2009ལོ་ནས་བཟུང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཁག་7ལ་བགོས་ཏེ་སྲོལ་རྒྱུན་གྱི་ལས་གཉེར་དྲ་ཚིགས386གློག་རྡུལ་ཅན་གྱི་དྲ་སྦྲེལ་དུ་སྒྱུར་བཀོད་བྱེད་འགོ་བཙུགས་ཡོད། གློག་རྡུལ་ཅན་གྱི་དྲ་སྦྲེལ་འདུ་འགོད་ནི་ང་ཚོས་ལྟེ་བའི་ལས་སྒོའི་མ་ལག་གསར་པར་བརྟེན་ནས་ལས་གཉེར་དྲ་ཚིགས་ཀྱི་སྲོལ་རྒྱུན་གྱི་ལས་སྒོ་སྤེལ་སྟངས་གློག་རྡུལ་ཅན་དུ་རིམ་སྤོར་སྒྱུར་བཀོད་ཐེངས་གཅིག་བྱེད་པའི་འདུ་འགོད་ཅིག་ཡིན”ཞེས་བཤད།

ཟླ་ཚེ་དང་བདེ་གཡང་གིས་བསྡུ་བསྒྲིགས་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1