གཙོ་ངོས།>> དེང་རབས་མི་སྣ།>>སྒྱུ་རྩལ་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༥ཚེས་༢༤ཉིན།

༄༅།། ཚེ་དབང་བཀྲ་ཤིས།

           བོད་རིགས། དུས་རབས་གོང་མའི་ལོ་རབས་དྲུག་ཅུ་པར་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ནས་འཁྲུངས་པ་དང་། ལོ་རབས་བདུན་ཅུ་པ་ནས་རི་མོ་སྦྱང་མགོ་བརྩམས།  རང་གི་ས་གནས་དང་ནང་ལོགས་ཀྱི་རི་མོ་བ་མང་པོར་མཇལ།  ལོ་རབས་བརྒྱད་ཅུ་པར་པེ་ཅིང་དུ་ཕེབས་ནས་སློབ་གཉེར་དང་བྱ་བ་བསྒྲུབས། ལོ་རབས་དགུ་བཅུ་པར་ཕྱིར་བོད་ལྗོངས་སུ་ལོག་ནས་ད་བར་སློབ་ཁྲིད་དང་གསར་རྩོམ། ཞིབ་འཇུག་གི་ལས་ལ་འབད་པ་དང་། བོད་ལྗོངས་ཀྱི་འཕེལ་འགྱུར་ཆེན་པོ་མིག་མཐོང་ལག་ཟིན་བྱུང་བས། ཁོང་ནི་ལོ་རྒྱུས་ཀྱི་དུས་རིམ་འདིར་དངོས་སུ་བརྒྱུད་མྱོང་མཁན་ཡིན། 
           བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་གི་སློབ་དཔོན་ཆེན་མོ་དང་།  འབུམ་རམས་པའི་མཛུབ་སྟོན་དགེ་རྒན། རི་མོ་བ།  འགྲེམ་སྟོན་ཇུས་འགོད་པ་བཅས་ཡིན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མཛེས་རྩལ་སྡེ་ཁག་གི་དངོས་གཞི། ནའོ་ཝེ་ཨའོ་སི་ལུའུ་རྒྱལ་གཉེར་མཛེས་རྩལ་ཇུས་འགོད་སློབ་གླིང་གི་རབ་འབྱམས་་པ། ནའོ་ཝེ་ཚན་རྩལ་སློབ་ཆེན་འཛུགས་སྐྲུན་དང་མཛེས་རྩལ་སློབ་གླིང་གི་འབུམ་རམས་པ། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་དེང་རབས་མཛེས་རྩལ་ལོ་རྒྱུས་དང་དེང་རབས་མཐོ་རིམ་མཛེས་རྩལ་སློབ་གསོ་དང་དེང་རབས་སྒྱུ་རྩལ་གསར་རྩོམ་བཅས་ཀྱི་སྐོར་ཡིན། བརྩམས་ཆོས་ལ་Modernism in Tibetan Arts: The Creative Journey of Four Artistsསོགས་ཡོད། དགེ་འདུན་ཆོས་འཕེལ་སྒྱུ་རྩལ་པའི་སྡེ་གསར་འཛུགས་པའི་གྲས་ཡིན་ལ། བོད་ཀྱི་སྣུམ་ཚོན་རི་མོ་སློབ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ལྷ་ས་གྲོང་ཁྱེར་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། བོད་ཀྱི་ཐང་ཀ་འགྲེམས་ཚོགས་ཀྱི་ཆེད་མཁས་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་མི་བཅས་ཡིན།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1