ཁྱིམ་ཚང་མཐུན་ན་བདེ་བའི་མཆོག

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-04


དྷེ་ཀི་ཡུལ་ཚོ་དྷེ་ཀི་སྡེ་བའི་དཔལ་ཡོན་ཁྱིམ་ཚང་།



       བློ་ཁོག་ཡངས་ན་ཁྱིམ་ཁ་མཐུན། ཁྱིམ་ཚང་མཐུན་ན་བདེ་བའི་མཆོག ཞེས་པ་ནང་བཞིན། དཔལ་ཐོ་ཚང་ནི་ཤེས་དཔལ་ལ་བརྩི་མཐོང་དང་ཡར་རྒྱས་ལ་བརྩོན་བསྙེགས། ཕན་ཚུན་ལ་བརྩེ་འདྲེས་ཟབ་པའི་ཁྱིམ་ཚང་ཞིག་རེད་ལ། བྱམས་བརྩེ་ལྡན་པའི་ཨ་མ་དང་ཕ་མར་བཀུར་བའི་བུ་ཕྲུག་གཉིས་བཟང་གི་ཁྱིམ་འདི་ཡི་བུ་མོ་གཉིས་ཀ་ཡ་རབས་གུས་ལུགས་བདེ་ཐང་ཡར་བརྩོན་དང་བཅས་ནར་སོན་ཡོད་པས། མཐའ་འཁོར་མི་ཀུན་གྱི་བསྔགས་བརྗོད་རང་ཤུགས་སུ་ཐོབ་ཡོད། དཔལ་ཐོ་དང་ཁོ་མོའི་ནང་མི་རྣམས་ཀྱིས་རང་གཅུན་ནན་པོ་དང་ཁོག་རྒྱ་ཡངས་མོ། སྤྱོད་བཟང་ཚུལ་ལྡན་གྱིས་ཁྱིམ་ཚང་ལེགས་པར་བསྐྱངས་བར། ཡ་རབས་ཁྱིམ་ཚང་གི་སྔོན་ཐོན་དཔེ་མཚོན་དུ་གྱུར་ཡོད། 
      ཡ་རབས་ཀྱི་ནང་ཁྱིམ་སྐྱོང་། འཆམ་མཐུན་གྱི་ཕྱྭ་གཡང་འཁོར།

      དཔལ་ཐོ་ཚང་ནི་ཁྱིམ་ཚང་འཆམ་པོ་ཞིག་ཡིན་ལ། མ་དང་བུ་མོ་ཕན་ཚུན་བརྩེ་བ་ཟབ། བུ་མོ་གཉིས་ཀས་ཁྱིམ་གྱི་ཁུར་པོ་ལྕི་པོ་འཁུར་ཐུབ་པ་དང་། ཡོད་ཚད་ལ་བཟོད་སྒོམ་ཡང་བྱེད་ཐུབ། གཅེན་གཅུང་དབར་མཐུན་སྒྲིལ་འཆམ་མཐུན་དང་དཀའ་ངལ་ཡོད་ཚེ་ཕན་ཚུན་རོགས་རམ་བྱེད་པའི་ཞི་མཐུན་གྱི་ཁྱིམ་ཚང་ཞིག་ཡིན་པས་རྟག་ཏུ་ཁྱིམ་མཚེས་ཀྱི་བསྔགས་བརྗོད་ཐོབ་ཀྱི་ཡོད། ཁོ་མོས་བྱིས་པའི་ཀུན་སྤྱོད་དང་། འཚོ་བ་དང་སློབ་སྦྱོང་གི་གོམས་གཤིས་གསོ་སྐྱོང་། མིག་དཔེའི་སྟོབས་ཤུགས་སོགས་གལ་ཆེན་ཡིན་པར་སྣང་ཏེ། མོ་རང་ཉིད་ཀྱི་སྐད་ཆས་ལབ་ཚུལ་ལྟར། བྱིས་པར་བཅོལ་བའི་རེ་དོན་དེ་རང་ཉིད་ཀྱིས་ཐོག་མར་བསྒྲུབ་ཅི་ཐུབ་བྱ་དགོས། ཞེས་དེ་ལས་ཁྱིམ་ཚང་གི་རྣམ་པ་བཟང་པོ་ཞིག་བཏོད་དེ་བྱིས་པ་ཚོར་ཤུགས་རྐྱེན་ཐེབས་ནས་རིམ་གྱིས་སློབ་གསོ་དངོས་སུ་མྱོང་དུ་བཅུག་བཞིན་ཡོད།


       རྒན་བཀུར་བྱིས་སྐྱོང་། སློབ་གསོར་ཐབས་མཁས།
      རྒན་བཀུར་གཞོན་གཅེས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཡིན་ལ། སྤྱོད་བཟང་དེ་རིགས་དཔལ་ཐོ་ཚང་དུ་དེ་བས་ཞིབ་ཚགས་ཀྱི་སྒོ་ནས་མངོན་ཡོད། དུས་རྒྱུན་དཔལ་ཐོའི་བུ་མོ་ཁྲིད་ནས་སློབ་སྦྱོང་བྱེད་བཞིན་པ་དང་། འདྲ་མཉམ་གྱི་ཁྱིམ་ཚང་སློབ་གསོའི་རྣམ་པ་གཏོད་བཞིན་པ་མཐོང་ཐུབ། དཔལ་ཐོ་ལོ་ན་ཆེ་རུང་སྔར་བཞིན་ཁྱིམ་ཚང་གི་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་ནས། དབྱར་རྩྭ་དགུན་འབུ་དང་པུས་མོ། གྲོ་མ་སོགས་འཐུ་བཞིན་ཡོད་དེ། ཁྱིམ་དུ་ངལ་གསོ་གཏན་ནས་རྒྱག་གི་མེད། མོས་རྒྱུ་འབྱོར་བ་ནི་རང་ཉིད་ཀྱིས་བསྐྲུན་དགོས་པ་ལས་སྒུག་ནས་ཡོང་རྒྱུ་ཞིག་གཏན་ནས་མིན་ཟེར་ལ། སྙིང་སྟོབས་དེས་བུ་མོ་ཚོར་ཡང་ཤུགས་རྐྱེན་ཐེབས་ཀྱི་ཡོད། བུ་མོ་གཉིས་ཀས་ཧུར་ཐག་གིས་ཁྱིམ་ཚང་ལ་འགན་འཁུར་རོགས་བྱས་ཏེ་དཀའ་སྤྱད་སྙིང་རུས་བསྐྱེད་བཞིན་ཡོད་ལ། ཁྱིམ་ཕྱི་ནང་གང་ནས་ཡིན་རུང་རྒན་པར་བརྩི་བཀུར་དང་བྱིས་པར་གཅེས་སྐྱོང་བྱེད་ཀྱི་ཡོད། ལོ་18ལ་སླེབས་མ་ཐག་ཡིན་ཡང་། རང་མགོ་སྔ་ནས་ཐོན་ཡོད་ལ། གཉིས་ཀ་ཡ་རབས་སྤྱོད་ལྡན་དང་གཙང་སྦྲར་དགའ་བ། བསམ་ཤེས་པ། གྲུང་ཤ་དོད་པའི་བྱིས་པ་བཟང་པོ་ཡིན་པས། ཁྱིམ་མཚེས་རྣམས་ཀྱི་གདེང་འཇོག་གང་ལེགས་ཐོབ་ཡོད། 
       བརྩོན་བསྐྱེད་ཁྱིམ་སྐྱོང་། འབྲེལ་བ་འགྲིག་མཐུན།
      རྒྱུན་གཏན་གྱི་འཚོ་བའི་ཁྲོད་དུ། ཁོ་ཚོ་བག་གཡེང་འཕྲོ་བརླག་དང་རིང་དུ་བྲལ་ལ། གྲོན་ཆུང་བསྲི་ཚགས་ཀྱི་འཚོ་བའི་གོམས་གཤིས་ལོབས་ཡོད། ཁྱིམ་མི་གང་བོར་སེམས་བཟང་ཞིང་བྱམས་སེམས་དང་ལྡན་པས། རྒྱུན་དུ་ཁྱིམ་མཚེས་རྣམས་ལ་དཀའ་ངལ་སེལ་རོགས་བྱེད་ཀྱི་ཡོད།
       ནང་མཐུན་ན་དོན་ཀུན་འགྲུབ། འཆམ་མཐུན་གྱི་ཁྱིམ་ཚང་ཞིག འཆམ་མཐུན་ཡིན་པའི་རྒྱུ་གཙོ་བོ་ནི་ཡ་རབས་གུས་སྲོལ་ལྡན་པའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1