ཞི་ཅིན་ཕིང་གིས་མཁའ་དམག་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 06-20


        ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ནས་མཁའ་དམག་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་། 
        ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ནས་མཁའ་དམག་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བར་མ་ཟད། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་མཁའ་དམག་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་ཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། འཐུས་མི་སོ་སོ་དང་མཁའ་དམག་གི་དཔོན་དམག་ཡོངས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།
        ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་གཅིག་དང་སྐར་མ་ཉི་ཤུའི་སྟེང་། ཞི་ཅིན་ཕིང་ཅིན་ཞི་མགྲོན་ཁང་གི་ཐུག་འཕྲད་ཚོམས་ཁང་དུ་ཕེབས་རྗེས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས། ཞི་ཅིན་ཕིང་གིས་འཐུས་མི་རྣམས་ལ་བརྩེ་བའི་ཕྱག་འཇུ་གནང་།
        ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། མཁའ་དམག་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་ཚེས་བཅུ་བདུན་ཉིན་པེ་ཅིན་ནས་ཚོགས། གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། ཞི་ཅིན་ཕིང་གི་སྟོབས་ལྡན་དམག་དཔུང་གི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། དུས་རབས་གསར་བའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བཟང་བོ་བྱས་ཏེ། འདས་པའི་ལོ་ལྔའི་མཁའ་དམག་ཏང་གི་འཛུགས་སྐྲུན་དང་དམག་དཔུང་འཛུགས་སྐྲུན་གནས་ཚུལ་སྤྱི་བསྡོམས་བྱེད་པ་དང་ཕྱིན་ཆད་ཀྱི་ལོ་ལྔའི་བྱ་བའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱེད་པར་མ་ཟད། རྒྱ་ཆེའི་དཔོན་དམག་ལ་སྐུལ་སློང་བྱས་ཏེ་སྟོབས་དང་ལྡན་པའི་དེང་རབས་ཅན་གྱི་མི་དམངས་མཁའ་དམག་ཞིག་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། ཏང་དང་མི་དམངས་ཀྱིས་གནང་བའི་དུས་རབས་གསར་བའི་འགན་འཁྲི་དང་ལས་འགན་རྦད་ཆོད་སྒོས་ཡོངས་འགྲུབ་བྱེད་པ། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཏེ་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་བསུ་མ་བྱེད་རྒྱུ་དེ་རེད།
        ཞི་ཅིན་ཕིང་གིས་འཐུས་མི་རྣམས་དང་མཉམ་དུ་པར་བླངས་ནས་དྲན་རྟེན་དུ་བཞག
        ཞུའུ་ཆི་ལེང་དང་ཀྲང་ཡུག་ཞ། ཝེ་ཧྥིན་ཧི། ལིས་ཙོ་ཁྲིན། མེའོ་ཧྭ། ཀྲང་ཧྲིན་མེན་བཅས་མཇལ་འཕྲད་ལ་ཞུགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1