ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-20



      སྤྱི་ཟླ་11པའི་ཚེས་19ཉིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་300ཙམ་ལ་སྒྲོག་འགྲེལ་བྱས། སྒྲོག་འགྲེལ་ཚོགས་པའི་ཚོགས་མི་མོ་ཀོ་ཀོས་སི་ཁྲོན་ཡུལ་སྐད་ཀྱི་སྒོ་ནས་གསོན་ཉམས་ལྡན་པའི་གྱོད་དཔེ་རེ་རེ་བཤད་དུས། ཚོགས་ཞུགས་ཀྱི་ཉན་མཁན་རྣམ་པའི་ཐལ་མོའི་རྡེབ་སྒྲ་དང་དགོད་སྒྲ་སོགས་ཀྱིས་ཁེངས།  འདི་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཐེངས་དང་པོའི་ཐོག་གི་གནས་ཚུལ་ཞིག་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱ་དགོས་ལ། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་ཚོགས་མི་སྒྲིག་འཛུགས་ཐད་ལ་གསར་གཏོད་བྱས་ཏེ། སློབ་ཞུགས་འབུམ་རམས་པ་དང་གཞི་རིམ་གྱི་ཕུལ་བྱུང་སྒྲོག་འགྲེལ་པ་ཁག་གཅིག་ཐོག་མར་བསྡུ་ལེན་བྱས་ཡོད་པ་རེད། ཚེས་19ཉིན་གྱི་སྒྲོག་འགྲེལ་ཚོགས་མི་གཉིས་ནི་རང་རེའི་ཞིང་ཆེན་གྱི་གཞི་རིམ་ནས་ཡོང་པའི་ཕུལ་བྱུང་སྒྲོག་འགྲེལ་པ་གཉིས་ཡིན། གཅིག་ནི་ལའོ་ཧྲན་གྲོང་ཁྱེར་གྱི་མོ་ཀོ་ཀོ་དང་གཅིག་ནི་དབྱི་པའི་གྲོང་ཁྱེར་གྱི་ལིའོ་ལི་ཧྭ་རེད།     གཞི་རིམ་ལས་བྱེད་པས་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་སྒྲོག་འགྲེལ་བརྒྱུད་ཚང་མས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་གི་ལག་ལེན་གྲུབ་འབྲས་ཤེས་རྟོགས་སྔར་ལས་གཏིང་ཟབ་པོ་ཐོན་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མངོན་གསལ་དོད་པའི་དགེ་མཚན་ཤེས་རྟོགས་སྔར་ལས་གཏིང་ཟབ་ཐོན་ཐུབ་སྟེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁོང་དུ་ཆུད་དགོས་ཞེས་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་འབྲེལ་ཡོད་འགན་འཁུར་པས་ནན་གྱིས་བསྟན། 
   ལོ་55ལ་ལོན་པའི་མོ་ཀོ་ཀོ་ནི་ལའོ་ཧྲན་གྲོང་ཁྱེར་ཅིན་ཁའོ་གཙང་བུ་ཆུས་ཁྲིམས་འཛིན་ཅུས་ཀྱི་རིམ་པ་བཞི་པའི་རྟོག་ཞིབ་པ་ཞིག་ཡིན། ཁོ་མོས་སྲིད་ཇུས་དང་བཅའ་ཁྲིམས་ཤེས་པར་མ་ཟད། དབྱིས་སྐད་ཀྱང་ཤེས། 2017ལོར་མཆིན་པའི་འབྲས་སྐྲན་ཕོག་པའི་རྐྱེན་གྱིས་ཁོང་གིས་ལས་ཀར་དགོངས་པར་ཞུས་པ་དང་། ལུས་པོ་ཅུང་དྲག་བསྐྱེད་བྱུང་རྗེས་གཞི་རིམ་དུ་སྒྲོག་འགྲེལ་གྱི་ལས་དོན་བསྒྲུབས། སྲིད་ཇུས་ལམ་ལུགས་སྒྲོག་འགྲེལ་ཁྱབ་ཁོངས་ཀྱི་མི་འཇོན་ཐང་ཅན་ཞིག་ཡིན་པའི་ཆ་ནས། 2017ལོ་ནས་བཟུང་ཁོ་མོས་སྔ་རྗེས་སུ་ཆུས་དེ་གའི་གྲོང་རྡལ་6གི་གྲོང་གསེབ་41གི་ནང་ཁུལ་དུ་སྒྲོག་འགྲེལ་ཐེངས་128སྤེལ་ཡོད་ལ། མང་ཚོགས་ཁྲི་3ལྷག་ལ་སློབ་གསོ་ཐེབས།  
བཀོད་སྒྲིག་ལྟར། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་། མཐོ་རིམ་སློབ་གྲྭ། ཁེ་ལས་བཅས་དང་དེ་བཞིན་གྲོང་ཁྱེར་དང་ཁུལ་སོ་སོར་ཟླ་གཅིག་གི་རིང་ལ་གཅིག་བསྡུས་སྒོས་སྒྲོག་འགྲེལ་བྱེད་སྒོ་སྤེལ་རྒྱུ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1