གཙོ་ངོས།>> དེང་རབས་མི་སྣ།>>དམངས་ཁྲོད་མི་སྣ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༢ཚེས་༠༢ཉིན།

༄༅།། ཨ་བདེ།

དམངས་ཁྲོད་ནས་བཞད་པའི་སྒྱུ་རྩལ་གྱི་མེ་ཏོག་རྐང་གཅིག ཉག་རོང་སྐོར་བྲོའི་བརྒྱུད་འཛིན་པ་ཨ་བདེའི་གནས་ཚུལ་རགས་བཀོད།

  

དམངས་ཁྲོད་ནས་བཞད་པའི་སྒྱུ་རྩལ་གྱི་མེ་ཏོག་རྐང་གཅིག  ཉག་རོང་སྐོར་བྲོའི་བརྒྱུད་འཛིན་པ་ཨ་བདེའི་གནས་ཚུལ་རགས་བཀོད།

    བོད་ཀྱི་ཡུལ་གྲུ་འདིར་ལོ་ངོ་སྟོང་ཕྲག་མང་པོའི་གོང་རོལ་ནས་གླུ་གར་གྱི་རོལ་མོ་དཀྲོལ་གཏོང་དང་རྡོག་བྲོ་འཁྲབ་ལུགས་སོགས་ཀྱི་རིག་རྩལ་གྱི་རྣམ་གྲངས་གང་མང་དར་མྱོང་ཡོད་པ་ནི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་མང་པོའི་ནང་བཀོད་ཡོད་པ་དང་།ལྷག་པར་དུ་སྟོད་ཀྱི་མངའ་རིས་དང་གཞིས་རྩེ།ཁམས་ཀྱི་སྤོ་འབོར་སྒང་དང་མི་ཉག་རབ་སྒང་སོགས་ནས་གླུ་གར་གྱི་སྒྱུ་རྩལ་འདི་ཉིད་དར་ཁྱབ་ཆེན་པོ་བྱུང་ཡོད་པ་གསལ་ལ།ས་ཁུལ་སོ་སོའི་གར་གྱི་སྟངས་སྟབས་མི་འདྲ་ཞིང་དབྱངས་རྟ་འགུག་ལུགས་མི་གཅིག་ནའང་དེ་དག་ནི་བོད་མེས་པོ་གོང་མ་རྣམས་ཀྱིས་རང་རང་གི་འཚོ་བའི་བར་གསེང་ནས་བློ་རིག་གི་རྩལ་དང་ཤེས་འཇོན་གྱི་བློ་ལས་འཁྲུངས་པའི་དམངས་ཁྲོད་ནས་རྐང་ཚུགས་ཤིང་རྩེ་མོ་རྒྱས་པའི་སྒྱུ་རྩལ་གྱི་རྣམ་གྲངས་རྐྱང་རྐྱང་ཡིན་པ་རེད།

    ཐེངས་འདིའི་བརྗོད་བྱ་གཙོ་བོ་ནི་ཁམས་ཉག་རོང་རྫོང་གི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་ཨ་བདེ་ལགས་ཡིན་ཞིང་།ཁོང་མོས་ཁམས་ཉག་རོང་ཕྱོགས་ཀྱི་སྐོར་བྲོ་རིག་གནས་འདི་ཉིད་ཇི་ལྟར་བསླབས་ཤིང་ཇི་ལྟར་བརྒྱུད་འཛིན་བྱས་ནས་ཡོང་བ་ཚང་མས་རྒྱུས་ལོན་བྱེད་པའི་ཆེད་དུ་སྨྱུག་འཛིན་པས་གནས་ཚུལ་རགས་ཙམ་བཀོད་པ་ཡིན།

    ཁོ་མོའི་མིང་ལ་ཨ་བདེ་ཞེས་འབོད་ཅིང་།ད་ལོར་ལོ་ན73ལ་སོན་པའི་ཁོ་མོ་གཅིག་པུས་རི་འདབས་སུ་ངག་ནས་གླུ་ལེན་པ་དང་རྐང་པས་རྡོག་བྲོ་འཁྲབ།ཕུ་དུང་རིང་པོ་མཁའ་ལ་གཡོ་ཞིང་བློ་བདེ་བག་ཕེབས་ངང་མགོའི་སྐྲ་དཀར་པོའི་ཉག་མ་རེ་རླུང་གིས་སྒུལ་བཞིན་ཉག་རོང་སྐོར་བྲོ་འཁྲབ་བཞིན་མཆིས།བྱམས་བརྩེའི་ངོ་གདོང་དང་མིག་མདངས་ཟབ་མོ།གོམ་སྟབས་བརྟན་པོ་ཅན་གྱི་ཨ་བདེ་དང་འཕྲད་སྐབས་ལོ་རྒྱུས་ཀྱི་འགྱུར་ལྡོག་ཆེན་པོ་བརྒྱུད་མྱོང་བའི་བགྲེས་སོང་དེར་ས་མཐོའི་ཞིང་འབྲོག་མང་ཚོགས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་ཡོད་ལ་ཁམས་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཉམས་འགྱུར་ཀྱང་ཡོད་པའི་མྱོང་ཚོར་སྟེར།ཁོ་མོས་ན་གཞོན་རྣམས་ཁྲིད་ནས་གླུ་ལེན་གར་འཁྲབ་བྱས་ཤིང་ཞབས་བྲོའི་སྟངས་སྟབས་རེ་རེ་སྙན་འཇེབས་ཀྱི་དབྱངས་རྟ་དང་བསྟུན་ནས་ཁམས་ཉག་རོང་གི་མཐོ་བའི་རི་དང་དམའ་བའི་ཆུ་མོ་ཀུན་ལ་མ་ཁྱབ་པ་མེད།

དམངས་ཁྲོད་ནས་བཞད་པའི་སྒྱུ་རྩལ་གྱི་མེ་ཏོག་རྐང་གཅིག  ཉག་རོང་སྐོར་བྲོའི་བརྒྱུད་འཛིན་པ་ཨ་བདེའི་གནས་ཚུལ་རགས་བཀོད།

    བྲོ་ལྷམ་ཆ་གསུམ་གྱིས་མྱོང་ཚོར་ཟབ་པའི་མི་ཚེའི་ཟིན་ཐོ་བཀོད།

    ཆུང་དུས་ནས་མིག་འདྲིས་རྣར་འཇགས་ཀྱིས་ངའི་འཇིག་རྟེན་དུ་སྐོར་བྲོ་ནི་རྒྱུན་ལྡན་འཚོ་བའི་ནང་དོན་གཙོ་བོ་ཞིག་ཡིན།ཉག་རོང་གི་མི་རྣམས་སྐོར་བྲོ་དང་ཁ་འབྲལ་ཐབས་མེད།གཉེན་སྟོན་དང་གནས་སྤོ་སོགས་ཀྱི་བཀྲ་ཤིས་པའི་གནས་ཡུལ་ཡིན་ནའང་འདྲ།ཡང་ན་ལོ་སར་དང་ཁམས་ཉག་རོང་ཕྱོགས་ཀྱི་བཅུ་གསུམ་དུས་ཆེན་སོགས་དུས་སྟོན་གྱི་བྱེད་སྒོ་ཡིན་ནའང་འདྲ།ང་ཚོས་སྐོར་བྲོ་འཁྲབ་བཞིན་པ་དང་།རྫོང་གི་བྱེད་སྒོ་གལ་ཆེན་སོགས་སུ་སྐོར་བྲོ་དེ་ལས་གཙོ་གནད་དུ་གྱུར་དང་འགྱུར་བཞིན་ཡོད་པ་རེད་ཅེས་པ་ནི་ཨ་བདེ་ལགས་ཀྱིས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་བཤད་པའི་སྐད་ཆ་དུམ་བུ་ཞིག་རེད།

    ཨ་བདེ་ནི་ཉག་རོང་རྫོང་གི་སྒྱུ་རྩལ་ཁྱིམ་ཚང་ཞིག་ནས་འཚར་ལོངས་བྱུང་བ་དང་ཁོ་མོའི་ཨ་ཕ་ནི་ལག་ཤེས་བཟོ་རྩལ་པ་ཞིག་ཡིན་པ་དང་།ལྷམ་འཚེམ་མཁས་པ་དང་སྲོལ་རྒྱུན་གུས་སྲོལ་ཤེས་པ།ཨ་མ་ཡང་གླུ་ལེན་གར་འཁྲབ་མཁས་པའི་བུད་མེད་ཅིག་ཡིན་པ་རེད།བྱིས་པའི་དུས་སུ་ཨ་བདེ་ལ་ཕ་མའི་ཤུགས་རྐྱེན་ཐེབས་ནས་གླུ་གར་ལ་དགའ་པོ་ཡོད་མཁན་ཞིག་ཏུ་གྱུར།ཆུང་དུས་ནས་གླུ་གར་སོགས་ལ་བརྩོན་པ་ལྷུར་ལེན་བྱས་ནས་མི་ཚེའི་གོམ་པ་དེའི་ཕྱོགས་སུ་སྤོ་འགོ་བརྩམས།ལོ་ཁ་ཤས་སོང་རྗེས།ཉག་རོང་རྫོང་དུ་སྐོར་བྲོ་མཁས་ཅན་དགེ་རྒན་སྐལ་འགྲུབ་དང་མཉམ་དུ་སྐོར་བྲོ་འཁྲབ་འགོ་ཚུགས་པ་རེད།དེའི་རྗེས་ཉག་རོང་གི་ས་གནས་ཁག་གི་དུས་སྟོན་དང་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་སྐོར་བྲོ་རུ་ཁག་ཏུ་ཞུགས་ཤིང་གཞས་གཏོང་སྟངས་རེ་རེ་རིམ་བཞིན་ཁོང་དུ་ཆུད་དང་།སྐབས་དེར་དགེ་རྒན་སྐལ་འགྲུབ་ལགས་ཀྱིས་སྐོར་བྲོ་འཁྲབ་སྟངས་དང་གླུ་གཞས་ངག་ལ་བཀུག་ལུགས་ཀུན་ལེགས་པར་བསླབས་པས་སྐོར་བྲོའི་ལས་རིགས་བརྒྱུད་འཛིན་བྱས་པར་རྨང་གཞི་བརྟན་པོ་བཏིང་པ་རེད།

    ལོ་བཅུ་ལྷག་རིང་གི་དུས་ཡུན་ལ་ཨ་བདེས་འབད་པ་དགུར་འགྱུར་གྱིས་གཞས་གདངས་སོགས་ལ་ལྷག་ཏུ་སྦྱངས་ནས་ཉག་རོང་སྐོར་བྲོ་འཁྲབ་མཁན་གྱི་གྲགས་ཅན་མི་སྣ་ཞིག་ཏུ་གྱུར།དེའི་རྗེས།ཉག་རོང་དུ་གཉེན་སྟོན་དང་ལོ་སར་སོགས་དུས་ཆེན་གྱི་སྐབས་སུ།ཨ་བདེ་སྐོར་བྲོ་རུ་ཁག་ནང་ཞུགས་ནས་རང་ཉིད་ཀྱིས་སྐོར་བྲོ་རིག་གནས་ལ་འབད་འབུངས་བླ་ལྷག་བྱས།ཁོ་མོས་ང་ལོ་ན14ལ་སོན་པའི་སྐབས་སུ།ཨ་ཕས་ང་ལ་སྐོར་བྲོ་འཁྲབ་སྐབས་ཆེད་དུ་གྱོན་རྒྱུའི་ལྷམ་ཆ་གསུམ་བཟོས་པ་རེད།ཁོ་མོས་བྲོ་འཁྲབ་སྐབས་ཀྱི་ལྷམ་ཆ་གཅིག་བཏོན་ནས་རང་ཉིད་ཀྱི་མྱོང་ཚོར་ཟབ་པའི་ལོ་ཟླར་ཕྱིར་དྲན་བྱེད།ཨ་ཕ་ལོ་ན88ལ་སོན་རྗེས་ཚེ་ལས་འདས་པས།ངས་ས་ཆ་གང་དུ་འཁྲབ་སྟོན་བྱེད་སྐབས་ཁོང་གིས་བཞག་པའི་ལྷམ་གྱོན་གྱི་ཡོད།འདི་ནི་ངས་ཨ་ཕ་ལ་སེམས་གསོ་ཆེ་ཤོས་དེ་ཡིན།ངས་ཐོག་མཐའ་བར་གསུམ་དུ་ཁོང་གི་བསླབ་བྱ་ཡིད་ལ་བཅངས་ཏེ་ཞབས་བྲོ་ཡག་པོ་འཁྲབ་ནས་དམངས་ཁྲོད་ཀྱི་སྐོར་བྲོའི་ཚིག་དང་དབྱངས་རྟ་འཚོལ་བསྡུ་བྱས་ཏེ་ཉག་རོང་སྐོར་བྲོ་བརྒྱུད་འཛིན་དང་དར་སྤེལ་གཏང་རྒྱུ་ཡིན་ཞེས་བཤད་པ་རེད།

    2017ལོར་ཁོ་མོར་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པར་བདམས་པ་དེ་ནི་ཉག་རོང་སྐོར་བྲོས་ཁོང་ལ་འཇལ་བའི་དྲིན་ལན་ཡག་ཤོས་དེ་ཡིན།

དམངས་ཁྲོད་ནས་བཞད་པའི་སྒྱུ་རྩལ་གྱི་མེ་ཏོག་རྐང་གཅིག  ཉག་རོང་སྐོར་བྲོའི་བརྒྱུད་འཛིན་པ་ཨ་བདེའི་གནས་ཚུལ་རགས་བཀོད།

    ཐོག་མའི་བསམ་འདུན་བཅངས་ནས་ལོ་སྟོང་གི་གར་སྟབས་བརྒྱུད་འཛིན་བྱས།

    ཉག་རོང་ནི་སྐོར་བྲོའི་ཆོལ་ཁ་ཡིན་ཞིང་།ཉག་རོང་སྐོར་བྲོའི་སྒོར་སྒོར་ཞབས་བྲོ་ནི་གངས་ཅན་མཐོ་སྒང་དུ་དཔེར་འོས་པ་ཞིག་ལ་བརྩི་བཞིན་ཡོད་པ་དང་།བལྟས་ཚོད་ཀྱིས་སྟབས་བདེ་བའི་རོལ་དབྱངས་དང་ཞབས་བྲོའི་ཁྲོད་ཁམས་པའི་བུ་དང་བུ་མོ་ཚོས་ཞི་མཐུན་འཚོ་བར་བཅངས་པའི་འདུན་པ་མཚོན་གྱིན་ཡོད།ཉག་རོང་སྐོར་བྲོ་ལ་ད་བར་ལོ་ངོ1500ཙམ་གྱི་ལོ་རྒྱུས་ཡོད་ཅིང་།ལོ་རེའི་ཟླ་བ་བརྒྱད་པ་ནི་ཉག་རོང་མང་ཚོགས་ཀྱིས་ལོ་ལེགས་ལ་རྟེན་འབྲེལ་ཞུ་བའི་སྐོར་བྲོའི་དུས་ཆེན་ཞིག་རེད།སྐོར་བྲོའི་ཆོལ་ཁའི”མཚན་སྙན་གནང་བ་དང་། 2008ལོར་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་ཚན་པ་དང་པོའི་མིང་ཐོའི་ནང་བཞག་པར་མ་ཟད།རིག་གནས་པུའུ་ཡིས“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཆོལ་ཁའི”མཚན་སྙན་གནང་བ་རེད།

    ཉག་རོང་གི་སྐོར་བྲོ་ལ་རོལ་ཆའི་མཐུན་སྦྱོར་མེད་ལ་ས་ཕྱོགས་ཀྱི་གཟབ་མཆོར་སྤྲས་པའི་བྲོ་པ་རྣམས་ཕོ་མོ་སོ་སོར་གྲལ་གཉིས་སུ་བསྒྲིགས་ནས།སྐོར་བྲོ་འཁྲབ་པའི་སྐབས་ཀྱི་བྲོ་འགོ་ཁྲིད་མཁན་དེ་ལ་བྲོ་དཔོན་ཟེར་ཞིང་།བྲོ་དཔོན་དེ་ནི་བྲོའི་མཁན་པོ་ལྟ་བུ་དང་བྲོའི་སྒྱུ་རྩལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་ཡག་པོ་ཡོད་དགོས་པ་ཞིག་རེད།བྲོ་ཚིག་ལ་སྤྱིར་བཏང་དུ་བཤད་ན་དུམ་བུ་གསུམ་རེ་ཡོད་ལ།དཔེར་ན་དགུང་ཨ་སྔོན།མཐོ་བྲག་དཀར།སྡེ་རྒྱ་གྲོང་ལྟ་བུ།བྲོ་ཐོག་མ་དེ་སྐྱེས་པ་ཚོས་ཁྲིད་སྲོལ་ཡོད་ལ།སྐྱེས་པ་ཚོས་བྲོ་ཚིག་བཏང་རྗེས་བུད་མེད་ཚོས་དེ་བསྐྱར་ཟློས་སུ་གཏོང་བ་དང་།དེ་ནས་བུད་མེད་ཚོས་བྲོ་ཁྲིད་དུས་སྐྱེས་པ་ཚོས་བསྐྱར་ཟློས་སུ་གཏོང་བ་ཡིན།དེ་ལྟར་བརྗེ་རེས་བྱས་ནས་ཉིན་ཞག་མང་པོ་འཆམ་སྲོལ་ཡོད།སྤྱིར་བཏང་དུ་བཤད་ན་བྲོ་ཚིག་དུམ་བུ་གསུམ་ཡོད།དེའང་དུམ་བུ་དང་པོ་འཆམ་དུས་དབྱངས་རྟ་ཉམས་འགྱུར་དལ་བ།དུམ་བུ་གཉིས་པ་འཆམ་དུས་དབྱངས་རྟ་དང་ཉམས་འགྱུར་ཅུང་མགྱོགས་ཤིང་།དུམ་བུ་གསུམ་པ་འཆམ་དུས་དབྱངས་རྟ་ཉམས་འགྱུར་ཇེ་མགྱོགས་སུ་གཏོང་སྲོལ་ཡོད་པ་དེ་ནི་ཞི་རྒྱས་དབང་དྲག་གི་རྣམ་པ་མཚོན་སྟངས་ཡིན་རེད་ཅེས་བཤད་སྲོལ་ཡོད་པ་ཞིག་རེད།

    “སྐོར་བྲོ་ལ་རང་ངོས་ཀྱི་ཁྱད་ཆོས་ཡོད་ཅིང་།འོན་ཀྱང་སྤྱི་མཚན་དུ་གྱུར་པའི་ཞབས་བྲོ་འཁྲབ་སྟོན་གྱི་རྣམ་པ་དེ་དག་ཐད་ཀར་བསྒྲིག་བཤམས་ཁང་ནང་འཇོག་དཀའ་བས་མི་རབས་ནས་མི་རབས་བར་བརྒྱུད་འཛིན་དང་སྲུང་སྐྱོང་ངོ་མ་བྱེད་དགོས་པའི་འགག་རྩ་ནི་བརྒྱུད་འཛིན་ལ་ཐུག་པ་རེད”ཅེས་བརྒྱུད་འཛིན་སྲུང་སྐྱོང་སྐོར་གླེང་སྐབས་ཨ་བདེ་ཡིས་བསམ་བློ་གཏོང་བཞིན་དུ“སྐོར་བྲོ་ནི་མི་རིགས་རིག་གནས་ཁྲོད་ཀྱི་སྒྱུ་རྩལ་གྱི་མཆོག་ནོར”ཡིན་ཞིང་།འོན་ཀྱང་འདས་ཟིན་པའི་ལོ་ཟླའི་བརྒྱུད་རིམ་ནང་གི་དུས་སྐབས་ཤིག་ཏུ་སྐོར་བྲོ་འདི་ཉིད་རྒྱུན་ཆད་པའི་ཉེན་ཁའི་གནས་སུ་ལྷུང་ནའང་།མི་དེ་བས་མང་པོས་ང་ཚོར་བསམ་ཤེས་དང་རྒྱབ་སྐྱོར་བྱས་ཏེ་ཐུན་མོང་དུ་འབད་བརྩོན་བྱས་ནས་ཉག་རོང་སྐོར་བྲོའི་རིག་གནས་བརྒྱུད་འཛིན་དང་དར་སྤེལ་གཏོང་བཞིན་ཡོད་པ་རེད།ཉག་རོང་སྐོར་བྲོ་སྦྱངས་འདོད་ཡོད་མཁན་སུ་ཞིག་ཡིན་རུང་ངས་ཁོང་ལ་བསླབ་ཆོག་ཅེས་པ་ཁོ་མོས་བཤད་པའི་ཉག་རོང་སྐོར་བྲོའི་བརྒྱུད་འཛིན་དང་དར་སྤེལ་ལ་བསམ་པའི་ལྷག་བསམ་དྭངས་མོའི་སྐད་ཆ་རེད།ཁོ་མོས་ད་རུང་ཉག་རོང་སྐོར་བྲོ་ཤུལ་འཛིན་མཁན་ཇི་ལྟར་བྱེད་དགོས་མིན་ལ་ཐོག་མཐའ་བར་གསུམ་དུ་འབད་བརྩོན་བྱས་ཤིང་ལོ་མང་རིང་ཁོང་གིས་གར་སྟེགས་དང་ཐང་ཆེན་དུ་ཞབས་བྲོ་འཁྲབ་པའམ་ཡང་ན་འཁྲབ་སྦྱོང་སོགས་ཀྱི་སྐབས་སུ་ནུས་ཤུགས་ཡོད་རྒུས་ཉག་རོང་སྐོར་བྲོ་འོས་སྦྱོར་བྱས་པར་མ་ཟད།ན་གཞོན་མང་པོ་ཞིག་གིས་སྐོར་བྲོ་འཁྲབ་རྒྱུར་སྐུལ་ཁྲིད་ཀྱང་བྱས་དང་བྱེད་བཞིན་ཡོད་པ་རེད།།མི་རྣམས་ཀྱིས་རྒན་སྐྱོར་བྱིས་ཁྲིད་ཀྱིས་རྩྭ་ཆུ་འཛོམས་ཤིང་མེ་ཏོག་སྣ་ཚོགས་བཞད་པའི་སྤང་ལྗོངས་སུ་བསྐྱོད་པ་དང་།སྔོ་ཞིང་དྭངས་པའི་ནམ་མཁའ་དང་།སྤྲིན་དཀར་དང་བརྗིད་ཆགས་པའི་གངས་རི་བཅས་རྒྱབ་ལྗོངས་བྱས་ནས་སྐོར་བྲོ་འཁྲབ་སྲོལ་ཡོད་པ་རེད།ཉག་རོང་རྫོང་ཨུའི་རྒྱུན་ཨུ།དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཀྲོའུ་ཆོན་གྱིས་གསར་འགོད་པར་ཉག་རོང་སྐོར་བྲོ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་ནང་དོན་ཕུན་སུམ་ཚོགས་པ།འཁྲབ་ལུགས་རྣམ་པ་སྣ་ཚོགས་ཡིན་པ་བཅས་ཀྱི་ཁམས་ཕྱོགས་ས་ཁུལ་གྱི་རིག་གནས་བརྒྱུད་འཛིན་གྱི་འགྱུར་རྡོ་གསོན་པོ་ཞེས་པའི་མཚན་སྙན་ཐོབ་ཡོད་ལ།དུས་རབས་འདིར་ང་ཚོས་གླུ་གར་གྱིས་མེས་པོ་ཚོའི་འཚོ་བའི་གོམས་གཤིས་མཚོན་པ་དང་ལོ་ངོ་སྟོང་གི་སྲོལ་རྒྱུན་རིག་གནས་བརྒྱུད་འཛིན་བྱས་དང་བྱེད་བཞིན་ཡོད་ཅེས་བཤད།

    2005ལོར་ཞིང་ཆེན་རིག་གནས་ཐིང་གིས་ཉག་རོང་རྫོང་ལ“སྐོར་བྲོའི་ཆོལ་ཁའི”མཚན་སྙན་གནང་བ་དང་། 2008ལོར་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་ཚན་པ་དང་པོའི་མིང་ཐོའི་ནང་བཞག་པར་མ་ཟད།རིག་གནས་པུའུ་ཡིས“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཆོལ་ཁའི”མཚན་སྙན་གནང་བ་རེད།

    ཉག་རོང་གི་སྐོར་བྲོ་ལ་རོལ་ཆའི་མཐུན་སྦྱོར་མེད་ལ་ས་ཕྱོགས་ཀྱི་གཟབ་མཆོར་སྤྲས་པའི་བྲོ་པ་རྣམས་ཕོ་མོ་སོ་སོར་གྲལ་གཉིས་སུ་བསྒྲིགས་ནས།སྐོར་བྲོ་འཁྲབ་པའི་སྐབས་ཀྱི་བྲོ་འགོ་ཁྲིད་མཁན་དེ་ལ་བྲོ་དཔོན་ཟེར་ཞིང་།བྲོ་དཔོན་དེ་ནི་བྲོའི་མཁན་པོ་ལྟ་བུ་དང་བྲོའི་སྒྱུ་རྩལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་ཡག་པོ་ཡོད་དགོས་པ་ཞིག་རེད།བྲོ་ཚིག་ལ་སྤྱིར་བཏང་དུ་བཤད་ན་དུམ་བུ་གསུམ་རེ་ཡོད་ལ།དཔེར་ན་དགུང་ཨ་སྔོན།མཐོ་བྲག་དཀར།སྡེ་རྒྱ་གྲོང་ལྟ་བུ།བྲོ་ཐོག་མ་དེ་སྐྱེས་པ་ཚོས་ཁྲིད་སྲོལ་ཡོད་ལ།སྐྱེས་པ་ཚོས་བྲོ་ཚིག་བཏང་རྗེས་བུད་མེད་ཚོས་དེ་བསྐྱར་ཟློས་སུ་གཏོང་བ་དང་།དེ་ནས་བུད་མེད་ཚོས་བྲོ་ཁྲིད་དུས་སྐྱེས་པ་ཚོས་བསྐྱར་ཟློས་སུ་གཏོང་བ་ཡིན།དེ་ལྟར་བརྗེ་རེས་བྱས་ནས་ཉིན་ཞག་མང་པོ་འཆམ་སྲོལ་ཡོད།སྤྱིར་བཏང་དུ་བཤད་ན་བྲོ་ཚིག་དུམ་བུ་གསུམ་ཡོད།དེའང་དུམ་བུ་དང་པོ་འཆམ་དུས་དབྱངས་རྟ་ཉམས་འགྱུར་དལ་བ།དུམ་བུ་གཉིས་པ་འཆམ་དུས་དབྱངས་རྟ་དང་ཉམས་འགྱུར་ཅུང་མགྱོགས་ཤིང་།དུམ་བུ་གསུམ་པ་འཆམ་དུས་དབྱངས་རྟ་ཉམས་འགྱུར་ཇེ་མགྱོགས་སུ་གཏོང་སྲོལ་ཡོད་པ་དེ་ནི་ཞི་རྒྱས་དབང་དྲག་གི་རྣམ་པ་མཚོན་སྟངས་ཡིན་རེད་ཅེས་བཤད་སྲོལ་ཡོད་པ་ཞིག་རེད།

    “སྐོར་བྲོ་ལ་རང་ངོས་ཀྱི་ཁྱད་ཆོས་ཡོད་ཅིང་།འོན་ཀྱང་སྤྱི་མཚན་དུ་གྱུར་པའི་ཞབས་བྲོ་འཁྲབ་སྟོན་གྱི་རྣམ་པ་དེ་དག་ཐད་ཀར་བསྒྲིག་བཤམས་ཁང་ནང་འཇོག་དཀའ་བས་མི་རབས་ནས་མི་རབས་བར་བརྒྱུད་འཛིན་དང་སྲུང་སྐྱོང་ངོ་མ་བྱེད་དགོས་པའི་འགག་རྩ་ནི་བརྒྱུད་འཛིན་ལ་ཐུག་པ་རེད”ཅེས་བརྒྱུད་འཛིན་སྲུང་སྐྱོང་སྐོར་གླེང་སྐབས་ཨ་བདེ་ཡིས་བསམ་བློ་གཏོང་བཞིན་དུ“སྐོར་བྲོ་ནི་མི་རིགས་རིག་གནས་ཁྲོད་ཀྱི་སྒྱུ་རྩལ་གྱི་མཆོག་ནོར”ཡིན་ཞིང་།འོན་ཀྱང་འདས་ཟིན་པའི་ལོ་ཟླའི་བརྒྱུད་རིམ་ནང་གི་དུས་སྐབས་ཤིག་ཏུ་སྐོར་བྲོ་འདི་ཉིད་རྒྱུན་ཆད་པའི་ཉེན་ཁའི་གནས་སུ་ལྷུང་ནའང་།མི་དེ་བས་མང་པོས་ང་ཚོར་བསམ་ཤེས་དང་རྒྱབ་སྐྱོར་བྱས་ཏེ་ཐུན་མོང་དུ་འབད་བརྩོན་བྱས་ནས་ཉག་རོང་སྐོར་བྲོའི་རིག་གནས་བརྒྱུད་འཛིན་དང་དར་སྤེལ་གཏོང་བཞིན་ཡོད་པ་རེད།ཉག་རོང་སྐོར་བྲོ་སྦྱངས་འདོད་ཡོད་མཁན་སུ་ཞིག་ཡིན་རུང་ངས་ཁོང་ལ་བསླབ་ཆོག་ཅེས་པ་ཁོ་མོས་བཤད་པའི་ཉག་རོང་སྐོར་བྲོའི་བརྒྱུད་འཛིན་དང་དར་སྤེལ་ལ་བསམ་པའི་ལྷག་བསམ་དྭངས་མོའི་སྐད་ཆ་རེད།ཁོ་མོས་ད་རུང་ཉག་རོང་སྐོར་བྲོ་ཤུལ་འཛིན་མཁན་ཇི་ལྟར་བྱེད་དགོས་མིན་ལ་ཐོག་མཐའ་བར་གསུམ་དུ་འབད་བརྩོན་བྱས་ཤིང་ལོ་མང་རིང་ཁོང་གིས་གར་སྟེགས་དང་ཐང་ཆེན་དུ་ཞབས་བྲོ་འཁྲབ་པའམ་ཡང་ན་འཁྲབ་སྦྱོང་སོགས་ཀྱི་སྐབས་སུ་ནུས་ཤུགས་ཡོད་རྒུས་ཉག་རོང་སྐོར་བྲོ་འོས་སྦྱོར་བྱས་པར་མ་ཟད།ན་གཞོན་མང་པོ་ཞིག་གིས་སྐོར་བྲོ་འཁྲབ་རྒྱུར་སྐུལ་ཁྲིད་ཀྱང་བྱས་དང་བྱེད་བཞིན་ཡོད་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1