ལི་ཁེ་ཆང་གིས་ཁྲིན་ཏུའུ་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 12-25



འདི་ནི་ཙུང་ལི་ལི་ཁེ་ཆང་གིས་ཁྲིན་ཏུའུ་སྤྱི་སྤྱོད་རླངས་འཁོར་ཞབས་ཞུ་ལྟེ་གནས་རྣམ་གྲངས་ཨར་སྐྲུན་ཡུལ་དངོས་སུ་ཞིང་པ་ལས་མིས་གླ་ཕོགས་འགྲེམ་གཏོང་གི་གནས་ཚུལ་ལ་རྒྱུས་ལོན་བྱེད་པའི་ཚུལ་རེད།
        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཁྲིན་ཏུའུ་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད། ཁོ་སྔ་རྗེས་སུ་ཁྲིན་ཏུའུ་སྤྱི་སྤྱོད་རླངས་འཁོར་ཞབས་ཞུ་ལྟེ་གནས་རྣམ་གྲངས་ཨར་སྐྲུན་ཡུལ་དངོས་དང་། དྲ་ལམ་སྲིད་འཛིན་དོ་དམ་ལྟེ་གནས། ཆིན་རོང་ཧའེ“གཉིས་གཏོད”གླིང་ཁུལ། ཁྲིན་ཏུའུ་དངུལ་ཁང་རང་མོས་ཉོ་ཚོང་ཁུལ་གྱི་ཡན་ལག་དངུལ་ཁང་བཅས་སུ་སོང་ནས་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱས་པ་རེད། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། བཅོས་སྒྱུར་གསར་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གསོན་ཤུགས་ཇེ་ཆེར་གཏོང་བ་དང་དཀའ་གནད་སེལ་ཞིང་། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་ཁུལ་གནས་སུ་སྲུང་འཛིན་བྱེད་པ་དང་དམངས་ཚིས་ལེགས་བཅོས་དང་འགན་སྲུང་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

འདི་ནི་ཙུང་ལི་ལི་ཁེ་ཆང་གིས་ཁྲིན་ཏུའུ་དངུལ་ཁང་རང་མོས་ཉོ་ཚོང་ཁུལ་གྱི་ཡན་ལག་དངུལ་ཁང་དུ་དངུལ་བུན་སྙན་ཞུ་བྱེད་མཁན་ཁེ་ལས་ཆུང་འབྲིང་གི་མི་སྣ་དང་སྤེལ་རེས་བྱེད་པའི་ཚུལ་རེད།

        རྟོག་ཞིབ་མཛད་སྐབས། ལི་ཁེ་ཆང་གིས་སི་ཁྲོན་ཞིང་ཆེན་གྱིས་ཉེ་བའི་ལོ་འགའི་རིང་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ནན་ཏན་སྒོས་དངོས་འབེབས་བྱེད་པ་དང་ཏན་ཏན་ཏིག་ཏིག་སྒོས་བྱ་བ་བསྒྲུབ་ནས་སི་ཁྲོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་ཞེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1