མཚོ་སྔོན་གྱི་ཁྱིམ་ཚང་ཞིག་ཏུ་སྟོང་ལ་ཉེ་བའི་རྒྱལ་ཁབ་ཀྱི་རིམ་པ་དང་བོའི་སྲུང་སྐྱོང་སྲོག་ཆགས་ཤིག་རྙེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-31



         2020ལོའི་ཟླ3པའི་ཚེས25ཉིན་གྱི་ཆུ་ཚོད22དང་སྐར་མ30ཙམ་གྱི་སྟེང་གཏེར་ལེན་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་མཚོ་ཉིན་མངགས་གཏོང་ཁང་ལ་མང་ཚོགས་ཀྱི་ཉེན་བརྡ་འབྱོར་ནས་མཚོ་ཉིན་ཁྲོམ་གཞུང་གི་ཚོང་ཁང་ཞིག་ཏུ་ཙི་གུ་དང་དབྱིབས་འདྲ་བའི་རི་སྐྱེས་སྲོག་ཆགས་ཤིག་རྙེད་པ་དང་འབྲེལ་འཛིན་བཟུང་ཐུབ་ཡོད་ཟེར། ཉེན་བརྡ་འབྱོར་རྗེས་མཚོ་ཉིན་མངགས་གཏོང་ཁང་གིས་འཕྲལ་དུ་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་འགོག་སྲུང་སྒྲིག་ཆས་བཏགས་ནས་ཡུལ་དངོས་སུ་བརྟག་དཔྱད་བྱེད་པར་བསྐྱོད།

         བྱི་བའི་དབྱིབས་ཀྱི་རི་སྐྱེས་སྲོག་ཆགས་དེའི་གཟུགས་པོའི་རིང་ཚད་ལ་ལི་སྨི35ཙམ་ཡོད་པ་དང་། ལུས་ཡོངས་ཁམ་སེར་ཡིན་པ། གསུས་པའི་མདོག་སྐྱ་བོ་སྟེ་བྱི་བ་དང་འདྲ་བ་ཞིག་ཡིན་འདུག མི་དམངས་ཉེན་རྟོག་པས་འཕྲལ་དུ་ནགས་ཚལ་སྤྱི་བདེ་དང་འབྲེལ་གཏུག་བྱས་ནས་ཡུལ་དངོས་ནས་གསལ་འབྱེད་བྱས་པ་བརྒྱུད། རྒྱལ་ཁབ་ཀྱི་རིམ་པ་དང་བོའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་གླ་བྱི་ཡིན་པ་གཏན་འཁེལ་བྱས། ད་ལྟ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་གཏེར་ལེན་ཁ་གྲོང་ཁྱེར་ནགས་ཚལ་སྤྱི་བདེ་ཅུས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་བྱས་ཡོད།

         གླ་བྱི་ནི་རྒྱལ་ཁབ་ཀྱི་རིམ་པ་དང་བོའི་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་ཡིན་ལ། ལུས་པོའི་རིང་ཚད་ལི་སྨི35-40དང་། རྔ་མའི་རིང་ཚད་ལ་ལི་སྨི23-25ཡོད་པ། ལྗིད་ཚད་ལ་སྟོང་ཁེ0.8-1.2ཡོད། གླ་བྱིའི་ཁུ་ལུ་ཚགས་དམ་པ་དང་། རྒྱབ་ཁམ་ནག་གམ་སེར་བོ་དང་། གསུས་པའི་མདོག་སྐྱ་བོ་ཡིན། རྔ་མའི་མདོག་ཁམ་ནག་དང་དབྱིབས་ཅུང་ཙམ་ལེབ་ལེབ་ཡིན། དེའི་སྟེང་དུ་ཉ་ཁྲབ་ཅན་གྱི་པགས་པ་ཡོད་པ་དང་།སྤུ་ཁམ་ནག་ཕྲ་མོ་ཡོད།

       གླ་བྱི་ཕོ་ཡིས་ཟླ4-9བར་སྐྱེ་འཕེལ་བྱེད་པའི་སྐབས་སུ་སྐྱེ་འཕེལ་མ་ལག་གི་གླ་བྱིའི་གཤེར་རྨེན་བརྒྱུད་ནས་གླ་བྱིའི་དྲི་ཞིམ་ཟགས་ཐོན་བྱེད་ཐུབ་པ་དང་གླ་བྱིའི་དྲི་ཞིམ་གྱིས་གླ་རྩི་ཡི་ཚབ་བྱས་ནས་རྩ་ཆེ་བའི་ཀྲུང་ལུགས་སྨན་གྱི་རྒྱུ་ཆ་བྱས་ཆོག་ལ། ཚད་མཐོའི་དྲི་ཞིམ་ཆུ་བཟོ་བའི་རྒྱུ་ཆ་ཡང་བྱས་ཆོག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1