གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༥ཚེས་༠༦ཉིན།

དེ་རིང་གི་གནས་ཚུལ།

        ཨ་རིའི་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་སྤེལ་བའི་དུས་ཐོག་སྡོམ་རྩིས་གཞི་གྲངས་ལ་གཞིགས་ན། པེ་ཅིན་དུས་ཚོད་སྤྱི་ཟླ་5པའི་ཚེས་6ཉིན་གྱི་ཆུ་ཚོད་6དང་སྐར་མ་30ཡས་མས་སུ། འཛམ་གླིང་དུ་ཏོག་གསར་གློ་ཚད་ཀྱི་ནད་ངོ་ཟིན་པའི་ནད་པ་3651010བྱུང་ཡོད་པ་དང་། རིམ་རྩིས་བྱས་ནད་པ་256239ཚེ་ལས་འདས་པ་རེད་འདུག
        ཨ་རིའི་ནད་ངོ་ཟིན་པའི་ནད་པ་ཁྲི་120ལས་བརྒལ་བ་དང་། གྲོང་ཁྱེར་གྱི་འགོ་གཙོ་ཞིག་གིས་ལོ་སྔོན་མའི་ཟླ་11ནས་ཏོག་གསར་གློ་ཚད་འགོས་མྱོང་བར་བསྒྲགས།
        དབྱི་ཐ་ལིའི་ནད་ངོ་ཟིན་པའི་ནད་པ་213013ལ་སླེབས་པ་དང་། མི་ཚོགས་འདུ་འཛོམ་མི་བྱེད་པའི་ཆེད་དུ་ཉེན་རྟོག་པས་སྐོར་ཞིབ་བྱས། 
        སི་ཕེན་གྱི་ནད་ངོ་ཟིན་པའི་ནད་པ་219329ལ་སླེབས་པ་དང་། ཛ་དྲག་རྣམ་པ་དེ་རིམ་འབེབས་གྲ་སྒྲིག་གི་དུས་མཚམས་སུ་སླེབས། 
        དབྱི་རན་གྱི་ནད་ངོ་ཟིན་པའི་ནད་པ་99970ལ་སླེབས་པ་དང་། གཞུང་ཕྱོགས་ཀྱི་དངུལ་ལོ་ཐུའུ་མན་དུ་བསྒྱུར་བ།
        འཇར་མན་གྱི་ནད་ངོ་ཟིན་པའི་ནད་པ་166706ལ་སླེབས་པ་དང་། རིམས་འགོག་སྡེ་ཁག་གིས་རིམས་ནད་ལ་མཐོ་རླབས་གཉིས་པ་ཡོད་སྲིད་པ་བསྒྲགས།
        ཧྥ་རན་སིའི་ནད་ངོ་ཟིན་པའི་ནད་པ་132967ལ་སླེབས་པ་དང་། ཞིབ་འཇུག་བྱས་པ་ལས་ལོ་སྔོན་པའི་ཟླ་12པའི་ནང་དུ་ནད་འདི་འགོས་ཡོད་པ་བསྒྲགས། 
        དབྱིན་ཇའི་ནད་ངོ་ཟིན་པའི་ནད་པ་194990ལ་སླེབས་པ་དང་། ནད་པ་ཚེས་ལས་འདས་དེ་ཡོབ་གླིང་གི་ཨང་དང་པོ་དང་འཛམ་གླིང་གི་ཨང་གཉིས་པར་གྱུར།
        ཐུར་ཁེའི་ནད་ངོ་ཟིན་པའི་ནད་པ་129491ལ་སླེབས་པ་དང་། སྲིད་གཞུང་གིས་ཐོན་སྐྱེད་དང་ལས་ཀ་བསྐྱར་གསོའི་འཆར་གཞི་ལ་ཆོག་མཆན་བཀོད།
        ལྗར་པན་གྱི་རྒྱལ་ཁབ་ནང་གི་ནད་ངོ་ཟིན་པའི་ནད་པ་16080ལ་སླེབས་པ་དང་།  ཨན་པེ་ཡིས་ཛ་དྲག་གནས་ཚུལ་བསྒྲགས་གཏམ་ཕྱིར་འགྱངས་བྱས་ནས་རྒྱལ་དམངས་ལ་དགོངས་སེལ་ཞུས།
        ཨུ་རུ་སུའི་ནད་ངོ་ཟིན་པའི་ནད་པ་155370ལ་སླེབས་དང་།  མི་སྡོད་མཁའ་གྲུ་ལས་ཚན་གྱི་སྤྱིའི་འཆར་འགོད་པ་ལ་ནད་འགོས་ནས་ཚེ་ལས་འདས།
        པ་ཙིའི་ནད་ངོ་ཟིན་པའི་ནད་པ་110156ལ་སླེབས་པ་དང་། རྒྱལ་སྤྱིའི་རུ་ཁག་གི་སྤོ་ལོ་རྒྱག་མཁན་གྱིས་ལུས་པོ་བརྟག་དཔྱད་བྱས་ནས་སྦྱོང་བརྡར་གྲ་སྒྲིག་བྱས་པ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1