ལི་ཐང་དུ་གསེར་མདོག་སྟོན་ཁར་ནོར་གནག་ལ་ཤ་ཤེད་རྒྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 10-14


       ཟླ10པའི་ཟླ་དཀྱིལ་དུ། ཁྲོན་ནུབ་ས་མཐོར་གནས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་མཐོ་གྲང་འབྲོག་ཁུལ་དུ་རྩྭ་མདོག་སེར་པོར་གྱུར་ཡོད་ཅིང་། ནོར་གནག་ལ་ཤ་ཤེད་རྒྱས་པའི་དུས་ཚིགས་ཤིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། ལི་ཐང་རྫོང་གིས“རྩྭ་འཕེལ་ཕྱུགས་འཕྲི་དང་ཕྱུགས་རྒྱས་འབབ་འཕར་ཡོང་བའི”འཕེལ་རྒྱས་འདུ་ཤེས་མཐའ་འཁྱོངས་བྱས་པས་སྲོལ་རྒྱུན་གྱི་འབྲོག་ལས་དེ་དེང་རབས་རྩྭ་ཐང་འབྲོག་ལས་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ལི་ཐང་གི་ནོར་གནག་དང་ལི་ཐང་གི་ཚགས་ཤ་ས་ཁམས་ཀྱི་མཚོན་རྟགས་སུ་གྱུར་ཡོད་པ་རེད། འདི་ནི་གསེར་མདོག་སྟོན་ཁར་ནོར་གནག་ལ་ཤ་ཤེད་རྒྱས་པའི་རྣམ་པ་རེད།
  

   

   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1