འབའ་ཐང་ལྷ་མོའི་ཟློས་གར་ཅང་སུའུ་ཁུན་ཧྲན་དུ་འཁྲབ་སྟོན་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 10-21



འབའ་ཐང་ལྷ་མོའི་ཟློས་གར་ཅང་སུའུ་ཁུན་ཧྲན་དུ་འཁྲབ་སྟོན་བྱས།

  ཉེ་ཆར། རིག་གནས་དང་ཡུལ་སྐོར་པུའུ་དང་ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། རིག་གནས་དང་ཡུལ་སྐོར་པུའུ་ཡི་སྒྱུ་རྩལ་སྤྱི་གཉེར་ཁང་དང་། ཅང་སུའུ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཁུན་ཧྲན་གྲོང་ཁྱེར་སྲིད་གཞུང་བཅས་ཀྱིས་སྒྲུབ་འགན་ཁུར་བའི2020ལོའི་ཟློས་གར་སྣ་བརྒྱ་འགྲེམས་འཁྲབ་འདུ་ཚོགས་ཁུན་ཧྲན་དུ་འཚོགས་ཤིང་།  འབའ་ཐང་རྫོང་གི་ལྷ་མོའི་ཟློས་གར་ཚོགས་པ་གདན་ཞུ་ལྟར་ཁུན་ཧྲན་གྱི་ཟློས་གར་སྣ་བརྒྱ་འགྲེམས་འཁྲབ་འདུ་ཚོགས་སུ་ཞུགས་ཏེ《ཆོས་རྒྱལ་ནོར་བཟང་》ཞེས་པའི་འཁྲབ་ཚན་གྱི་ཚན་དུམ་ཞིག་མགོ་ཚུགས་མཛད་སྒོའི་ཐོག་འཁྲབ་སྟོན་བྱས་པ་རེད།

འབའ་ཐང་ལྷ་མོའི་ཟློས་གར་ཅང་སུའུ་ཁུན་ཧྲན་དུ་འཁྲབ་སྟོན་བྱས།
འབའ་ཐང་ལྷ་མོའི་ཟློས་གར་ཅང་སུའུ་ཁུན་ཧྲན་དུ་འཁྲབ་སྟོན་བྱས།
འབའ་ཐང་ལྷ་མོའི་ཟློས་གར་ཅང་སུའུ་ཁུན་ཧྲན་དུ་འཁྲབ་སྟོན་བྱས།

  2020ལོའི་ཟློས་གར་སྣ་བརྒྱ་འགྲེམས་འཁྲབ་འདུ་ཚོགས་དེ་ཚེས11ཉིན་གྱི་དགོང་མོར་ཅང་སུའུ་ཞིང་ཆེན་ཁུན་ཧྲན་གྲོང་ཁྱེར་དུ་མགོ་ཚུགས་པ་རེད། རྒྱལ་ཡོངས་ནས་ཡོང་བའི་ཟློས་གར་རིགས116དང་ཟློས་གར་གྱི་འཁྲབ་ཚན129བཅས་ཁུན་ཧྲན་དུ་གཅིག་སྡུད་ཐོག་འཁྲབ་སྟོན་བྱས་པ་རེད། 2018ལོ་ནས་ཟློས་གར་སྣ་བརྒྱ་འགྲེམས་འཁྲབ་འདུ་ཚོགས་འཚོག་མགོ་བཙུགས་ནས་ལོ་གསུམ་སོང་ཞིང་། ད་ལོར་ཁྱོན་ཡོངས་ནས་མཇུག་འགྲིལ་བ་རེད། ད་བར་རྒྱལ་ཡོངས་སུ་ད་ཡོད་ཟློས་གར་རིགས348དང་ཤིང་བཟོས་འདྲ་གཟུགས་ཟློས་གར། དེ་བཞིན་ཀོ་བརྙན་ཟློས་གར་བཅས་ལྷན་འཛོམས་ཐེངས་དང་པོ་བྱུང་ཡོད།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1