གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༡ཚེས་༠༣ཉིན།

ཏན་ཉི་སའོ་ཝ་མི་ཡ་ཐོག་ནས་མཚོ་བོད་མཐོ་སྒང་དུ་འཚོ་སྡོད་བྱས་ཡོད།


   ཀྲུང་གོའི་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་10ཚེས་30ཉིན། 2019ལོར་བསང་ཆུ་རྫོང་གི་མིའི་མ་མགལ་འགྱུར་རྡོ་ནི་ཏན་ཉི་སའོ་ཝ་བྲག་ཕུག་ཕུད་པའི་ཏན་ཉི་སའོ་ཝ་མིའི་འགྱུར་རྡོ་ཡིན་པ་གསལ་འབྱེད་བྱས་པ་རྒྱལ་སྤྱིའི་རིག་གཞུང་ལས་རིགས་སུ་སྐད་གྲགས་ཆོད་རྗེས། མཚོ་བོད་མཐོ་སྒང་བྱང་ཤར་རྒྱུད་ཀྱི་རྒན་གྱའི་བྲག་དཀར་གྱི་ཏན་ཉི་སའོ་ཝ་མིའི་ཞིབ་འཇུག་གསར་པ་ལ་འཕེལ་རྒྱས་གྲུབ་འབྲས་གསར་པ་ཐོབ་པ་སྟེ། གནའ་ཤུལ་དེ་རུ་ལྷག་གསར་དུས་བསྐལ་བར་མ་དང་དུས་མཇུག་གི་གནའ་མི་འགུལ་སྐྱོད་ཀྱི་རྗེས་ཤུལ་ཕུན་སུམ་ཚོགས་པ་ཉར་ཚགས་བྱས་ཡོད་ཅིང་། དེ་ལས་ཏན་ཉི་སའོ་ཝ་བྲག་ཕུག་ཕུད་པའི་ཏན་ཉི་སའོ་ཝ་མིའི་སྐུད་རྡོག་གཟུགས་རྒྱུད་རྒྱུ་རིམ་ཕྲེང་བདེ་བླག་ངང་ཐོབ་པ་དང་། གནའ་བོའི་DNAཞིབ་འཇུག་ལས་ཏན་ཉི་སའོ་ཝ་མི་ནི་ལྷག་གསར་དུས་བསྐལ་གྱི་དུས་མཇུག་ལ་ཡུན་རིང་པོར་མཚོ་བོད་མཐོ་སྒང་དུ་འཚོ་གནས་བྱས་ཡོད་པ་མངོན། 


    ལན་གྲུ་སློབ་ཆེན་དང་ཀྲུང་གོའི་ཚན་རིག་ཁང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་གི་ཞིབ་འཇུག་ཚོགས་པས་2019ལོར་གནའ་བོའི་སྤྲི་དཀར་དབྱེ་ཞིབ་བྱེད་པའི་ཐབས་ལམ་བརྒྱུད། རྒན་གྱའི་བྲག་དཀར་བྲག་ཕུག་གི་བསང་ཆུ་མིའི་མ་མགལ་འགྱུར་རྡོ་ནི་ཏན་ཉི་སའོ་ཝ་མི་ཡིན་པ་གསལ་འབྱེད་བྱས་པ་དང་། ཆེས་ཉུང་མཐར་ཡང་ལོ་ཁྲི་16འགོར་ཡོད་པ་གཏན་འཁེལ་བྱས་ཡོད། ཞིབ་འཇུག་འདི་ནི་ཏན་ཉི་སའོ་ཝ་མིའི་བར་སྟོང་ཁྱབ་ཚུལ་ཐེངས་དང་པོར་ཞི་པའོ་ལི་ཡ་ས་ཁུལ་ནས་མཚོ་བོད་མཐོ་སྒང་དུ་རྒྱ་སྐྱེད་པ་དང་། ཏན་ཉི་སའོ་ཝ་མི་ཞིབ་འཇུག་དང་མཚོ་བོད་མཐོ་སྒང་གི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ཐོག་གི་མིའི་རིགས་འགུལ་སྐྱོད་ཀྱི་ཞིབ་འཇུག་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད་པ་རེད།  


    རྗེས་ཤུལ་སྔོག་འདོན་མ་བྱས་གོང་། ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་རུས་ཁང་གི་ཞིབ་འཇུག་པ་ཧྥུ་ཆའོ་མེས་གདན་ཞུས་ལྟར་ས་རྒྱུའི་བསགས་སྙིགས་DNAདབྱེ་ཞིབ་བྱས་པ་དང་། ཧྥུ་ཆའོ་མེའི་ཚོགས་པས་ཚོད་ལྟ་བྱས་པ་བརྒྱུད་འོ་འཐུང་སྲོག་ཆགས་དང་མིའི་རིགས་ཀྱི་སྐུད་རྡོག་གཟུགས་DNA242འཚོལ་ཐུབ་པ་དང་། དེའི་ནང་གནའ་བོའི་མིའི་རིགས་ཀྱི་སྐུད་རྡོག་གཟུགས་DNAལ་གོམ་གང་མདུན་སྤོས་ཀྱིས་དབྱེ་ཞིབ་བྱས་པ་བརྒྱུད་ཏན་ཉི་སའོ་ཝ་བའི་DNAཡིན་པ་མངོན་ཡོད་པ་དང་། ས་རིམ་ལ་བརྟེན་ནས་ལོ་གྲངས་དབྱེ་ཞིབ་བྱེད་པའི་མཇུག་འབྲས་དང་ཟུང་འབྲེལ་བྱས་ནས། ཏན་ཉི་སའོ་ཝ་བའིDNAནི་གཙོ་བོ་ད་བར་ལོ་ངོ་ཁྲི་10དང་ལོ་ངོ་ཁྲི་6སྔོན་ཡས་མས་སུ་བྱུང་བ་དང་། ཆེས་ཕྱི་ན་ཕལ་ཆེར་ད་བར་ལོ་ངོ་ཁྲི་4.5ཡོད་པ་རེད། དེའི་ཐོག་ནས་ཏན་ཉི་སའོ་ཝ་བས་ལྷག་གསར་དུས་བསྐལ་གྱི་དུས་མཇུག་ཏུ་དུས་ཡུན་རིང་པོར་བྲག་ཕུག་དེར་འཚོ་བ་བསྐྱལ་ཡོད་པ་མཚོན་གྱི་ཡོད།


   ཧྥུ་ཆའོ་མེ་ཡིས་དེ་བས་སྤྲོ་སྣང་ལྡན་པ་ཞིག་ནི་རྒན་གྱའི་བྲག་དཀར་བྲག་ཕུག་གི་ལོ་ཁྲི་6གོང་གི་ཏན་ཉི་སའོ་ཝ་བའི་DNAདེ་ཨུ་རུ་སུའི་ཨར་ཐའེ་རི་རྒྱུད་ཀྱི་ཏན་ཉི་སའོ་ཝའི་བྲག་ཕུག་གི་དུས་མཇུག་གི་ཏན་ཉི་སའོ་ཝ་བ་དང་རྒྱུད་པའི་འབྲེལ་བ་དམ་ཟབ་ཡོད་པ་དེ་རེད། བྲག་དཀར་བྲག་ཕུག་ལ་འོད་འགྲོལ་འོད་འཇལ་བརྒྱུད་ལོ་ཁྲི་10ཙམ་གོང་གི་ཏན་ཉི་སའོ་ཝ་བའི་DNAལས་སྔ་བ་དང་། དུས་མཇུག་གི་ཏན་ཉི་སའོ་ཝ་བ་མི་དང་ཁ་བྲལ་ཡོད་ཅེས་བཏོན་པ་རེད།


    ཁོ་མོས། བསང་ཆུའི་མ་མགལ་གྱི་འགྱུར་རྡོ་དང་བྲག་དཀར་བྲག་ཕུག་གི་ཞིབ་འཇུག་བྱས་འབྲས་གསར་ཤོས་ལ་གཞིགས་ན། ཏན་ཉི་སའོ་ཝ་བས་མཇུག་གི་འཁྱགས་རོམ་དུས་རིམ་གཉིས་པ་ནས་འཁྱགས་རོམ་དུས་རིམ་མཐའ་མའི་བར་མཚོ་བོད་མཐོ་སྒང་དུ་འཚོ་བ་བསྐྱལ་ཡོད་པ་དང་འབྲེལ། རི་བོ་ཨར་ཐེ་ས་ཁུལ་གྱི་དུས་མཇུག་གི་ཏན་ཉི་སའོ་ཝ་བ་མི་དང་རྒྱུད་པའི་འབྲེལ་བ་ཟབ་མོ་ལྡན་ཡོད། དེས་མཐོ་གྲང་དང་གསོ་རླུང་དཀོན་པའི་ཁོར་ཡུག་ལ་མཐུན་འཕྲོད་བྱུང་བ་གསལ་བཤད་བྱས་པ་མ་ཟད། ཏན་ཉི་སའོ་ཝ་བ་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེ་མོའི་ཤར་ངོས་སུ་རྒྱ་ཁྱབ་ངང་ཁྱབ་ཡོད་པ་སྔར་བས་ར་སྤྲོད་བྱས་ཡོད།(http://tibet.people.com.cn/15828509.html)


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1