དཀར་མཛེས་ཁུལ་མི་དམངས་སྨན་ཁང་གིས་རིན་པ་མི་ལེན་པར་བདེ་རོང་རྫོང་གི་སྐྱ་འགྲིབ་ཕོག་པའི་ནད་པ་87ལ་མིག་སླར་གསོའི་གཤགས་བཅོས་བྱས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-16


དཀར་མཛེས་ཁུལ་མི་དམངས་སྨན་ཁང་གིས་རིན་པ་མི་ལེན་པར་བདེ་རོང་རྫོང་གི་སྐྱ་འགྲིབ་ཕོག་པའི་ནད་པ་ཚོར་མིག་སླར་གསོའི་གཤགས་བཅོས་བྱེད་བཞིན་པ།

                སྤྱི་ཟླ་12པའི་ཚེས་13ཉིན། བདེ་རོང་རྫོང་ནི་མཚོ་འཕགས་མཐོ་བའི་ས་རུ་གཞིས་ཆགས་ཤིང་། སྨུག་ཕྱིའི་འོད་ཐིག་དྲག་པོ་ཡོད་པས། ས་དེའི་མང་ཚོགས་ལ་མིག་ནད་རིགས་སྣ་ཚོགས་བྱུང་བཞིན་ཡོད་ལ། དེའི་ཁྲོད་དུ་སྐྱ་འགྲིབ་ནད་ཀྱིས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་བཞིན་ཡོད། དེ་ཡང་སྔར་ལས་ལྷག་པའི་སྒོ་ནས་མིག་ནད་ཕོགས་པའི་མང་ཚོགས་རྣམས་ལ་ཞབས་ཞུ་བསྒྲུབ་པའི་ཆེད་དུ། བདེ་རོང་རྫོང་ཏང་ཨུ་དང་། རྫོང་མི་དམངས་སྲིད་གཞུང་གི་མགོ་ཁྲིད་རྣམས་ཀྱི་མཐོང་ཆེན་དང་ཁུལ་མི་དམངས་སྨན་ཁང་གི་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འོག སྤྱི་ཟླ་10པ་ནས་བཟུང་། ཁུལ་མི་དམངས་སྨན་ཁང་གིས་སྔ་རྗེས་སུ་སྨན་བཅོས་རུ་ཁག་2ཀྱི་མི་སྣ་11བདེ་རོང་རྫོང་གི་ཡུལ་ཤོག་དང་གྲོང་རྡལ་ཁག་5ལ་མངགས་ནས་བརྟག་དཔྱད་བྱེད་དུ་བཅུག་ཡོད་ལ། བརྟག་དཔྱད་བྱས་པ་ལྟར་ན། ཁྱོན་བསྡོམས་མི་གྲངས་395ལ་མིག་ནད་ཕོག་ཡོད་ལ། དེའི་ཁྲོད་དུ་སྐྱ་འགྲིབ་ཕོགས་པའི་ནད་པ་87ཡོད་པ་དང་། དེ་དག་གི་ཁྲོད་དུ་ད་རུང་མིག་གཉིས་ཀར་སྐྱ་འགྲིབ་ཕོགས་པའི་མི་15ཡོད།  འབྲེལ་ཡོད་སྡེ་ཁག་དང་སྨན་བཅོས་མི་སྣའི་རོགས་སྐྱོར་འོག་ཉིན་གསུམ་གྱི་རིང་ལ་། སྐྱ་འགྲིབ་ཕོགས་པའི་ནད་པ་87གྱི་སྐྱ་འགྲིབ་མིག་ནད་སླར་གསོ་ཐུབ་པའི་གཤགས་བཅོས་བྱས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1