འཛམ་གླིང་ཨེ་ཛིའི་ཉིན་མོར་དྲིལ་བསྒྲགས་བྱེད་སྒོ་འདི་འདྲ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-09




     ཉེ་ཆར་འཛམ་གླིང་ཨེ་ཛིའི་ཉིན་མོ་དེ་ཚེས་ཚེ། སེར་ཤུལ་རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་རྫོང་སྨན་ཁང་དང་། མ་བུའི་འཕྲོད་སྦྱོར་སྨན་ཁང་། སྤྱི་ཁྱབ་བཟོ་ཚོགས། དམངས་ཁྲོད་ཨེ་ཛིའི་ནད་ཀྱི་དྲིལ་བསྒྲགས་སློབ་གསོའི་དང་བླངས་པ་བཅས་དང་མཉམ་འབྲེལ་བྱས་ནས་ཚོང་ལས་ལྟེ་གནས་སུ“ལག་གདང་སྦྲེལ་ནས་རིམས་འགོག་ཨེ་འགོག་བྱས་ཏེ་བདེ་ཐང་གི་འགན་འཁྲི་མཉམ་འཁུར་བྱེད”ཞེས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། 
     བྱེད་སྒོ་དེ་འགྲེམས་སྟེགས་སུ་བློ་འདྲིའི་ས་ཚིགས་དང་། འགྲེམ་སྟོན་དྲིལ་བསྒྲགས་འགྲེམས་པང་། འཕྲེད་འགེལ་སྦྱར་ཡིག་འགེལ་བ། ཤོག་བུའི་དྲིལ་བསྒྲགས་དཔྱད་ཡིག་འགྲེམ་པ། ཡུལ་དངོས་ནས་ཁྲག་ཤེད་འཇལ་བ་སོགས་ཀྱི་རྣམ་པ་སྤྱད་དེ། མང་ཚོགས་ལ་ཨེ་ཛིའི་ནད་ཀྱི་ཁྱབ་ལམ་དང་། ཨེ་ཛིའི་ནད་ཇི་ལྟར་འགོག་བཅོས་བྱེད་པ་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་བྱས་ཏེ། མང་ཚོགས་ལ་ཨེ་ཛིའི་ལ་དོ་སྣང་དང་ཨེ་ཛིའི་ནད་ལ་ལྟ་སྟངས་ཡང་དག་འཛིན་དགོས་པ། ཚན་རིག་དང་མཐུན་ཞིང་ཚུལ་མཐུན་གྱི་རྣམ་འགྱུར་གྱིས་ཨེ་ཛིའི་གསོས་ནད་ཅན་ལ་ལྟ་སྟངས་ཡང་དག་བཟུང་སྟེ། མང་ཚོགས་ཀྱི་རང་ཉིད་སྲུང་སྐྱོབ་འདུ་ཤེས་དང་། བདེ་ཐང་གི་འཚོ་བ་སྐྱེལ་སྟངས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས་པའི་འབོད་སྐུལ་བཏང་། དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་དུ་སྤྲོ་སེམས་འཁོལ་བའི་རྣམ་པས་ཁེངས་ཤིང་རྒྱ་ཆེའི་མང་ཚོགས་ཧུར་ཐག་ངང་ཞུགས་ཡོད།
     བྱེད་སྒོ་འདིས་སྤྱི་དམངས་ཀྱིས་ཨེ་ཛིའི་ནད་ཀྱི་བརྟག་འཇལ་ལ་ངོས་འཛིན་བྱེད་ཚད་སྔར་ལས་མཐོ་རུ་བཏང་བ་དང་། རང་འགུལ་བརྟག་འཇལ། བརྟག་འཇལ་སྔ་ཙམ་རྒྱག་པ། སྨན་བཅོས་སྔ་ཙམ་བྱེད་པ་བཅས་ལ་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་ཨེ་ཛིའི་ནད་འགོག་བཅོས་བྱེད་པའི་ཁོར་ཡུག་ཆེན་པོ་ཞིག་བཏོད་ནས། བདེ་ཐང་གི་འཚོ་བ་ཞིག་ཆགས་པར་བྱས་ཤིང་དམངས་ཡོངས་ཀྱིས་ཨེ་འགོག་གི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ཡོད།
     རྒྱུས་ལོན་བྱུང་བ་ལྟར་ན། ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོར་ཨེ་ཛིའི་ནད་འགོག་བཅོས་ཀྱི་ཤེས་བྱ་དྲིལ་བསྒྲགས་ལག་དེབ་1000ལྷག་ཙམ་དང་། ཨེ་ཛིའི་ནད་དྲིལ་བསྒྲགས་ལག་རྟགས་ཆུང་ངུ(དྲིལ་བསྒྲགས་ཁུག་མ་དང་། ཕྲུ་གུའི་འཚོ་བཅུད་ཐོན་རྫས། དྲོད་སྲུང་ཆུ་དེམ། སྲིང་བལ་ཨ་ཅོར་སོགས་ཚུད་པ)1000ལྷག་ཙམ། ཉེན་མེད་སྒྲེའུ600བཅས་སྤྲད་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1