༄༅།།ཅི་ཞིག་ནི་སྐྱེ་ཁམས་བདེ་འཇགས་ཡིན།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཡོངས་འཛིན་དྲ་བ། སྤེལ་དུས། 02-04


   སྐྱེ་ཁམས་བདེ་འཇགས་ནི་རང་བྱུང་སྐྱེ་ཁམས་མ་ལག་གི་བདེ་ཐང་དང་ཆ་ཚང་རང་བཞིན་ལ་གཏོར་བརླག་མི་ཐེབས་པའི་གནས་ཚུལ་ལ་ཟེར་བ་དང་། མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་བདེ་ཐང་གི་རང་བྱུང་ཆ་རྐྱེན་དང་རྨང་གཞི་ཡིན། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལས་འགན་ནི། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་དགོས་པ་སྟེ། སྐྱེ་ཁམས་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། སྐྱེ་ཁམས་ཀྱི་ཉེན་ཁ་སྔོན་ཚུད་ནས་ཉེན་བརྡ་གཏོང་བ་དང་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གློ་བུར་དུ་བྱུང་བའི་ཁོར་ཡུག་གི་དོན་རྐྱེན་ཐག་གཅོད་འོས་འཚམ་བྱ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1