མཚོ་བོད་མཐོ་སྒང་གི་འཁྱགས་སྙིང་མཛོད་ཁང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-01



     ཟླ་5ཚེས་28ཉིན། འཁྱགས་རོམ་ལ་“རང་བྱུང་ཁམས་ཀྱི་རྟེན་རྫས་བཤམས་མཛོད་ཁང་”ཞེས་འབོད་ལ། “ཡི་གེ་མེད་པའི་གནམ་ཡིག”ཅེས་ཀྱང་འབོད་པ་རེད། འཁྱགས་རོམ་གྱི་སྙིང་ལྟེ་ནི་འཁྱགས་རོམ་ཕུག་ནས་བླངས་པའི་ཀ་ཟླུམ་དབྱིབས་ཀྱི་གཟུགས་དེ་ཡིན་ཞིང་། འཁྱགས་རོམ་རིག་པའི་ཁྱབ་ཁོངས་ཀྱི་ཞིབ་འཇུག་རྒྱུ་ཆ་འགངས་ཆེན་དེ་རེད། འཁྱགས་སྙིང་ཁྲོད་གྲུབ་ཆ་རིགས་འདྲ་མིན་གྱི་འགྱུར་ལྡོག་ལ་དབྱེ་ཞིབ་བྱས་པར་བརྒྱུད། འདས་ཟིན་པའི་ལོ་ངོ་ཁྲི་སྟོང་རིང་གི་ནམ་ཟླའི་འགྱུར་ལྡོག་གི་ལོ་རྒྱུས་གསལ་འགྲེལ་ཐུབ་པ་རེད། 


     རང་རྒྱལ་གྱིས་མཚོ་བོད་མཐོ་སྒང་གི་འཁྱགས་སྙིང་ཞིབ་འཇུག་ནི་དུས་རབས་20པའི་ལོ་རབས་80པའི་བར་ཁུངས་དེད་ཆོག 1987ལོར། ཚན་རིག་པས་ཏུན་དེ་འཁྱགས་ཞྭ་རུ་མཚོ་བོད་མཐོ་སྒང་གི་འཁྱགས་སྙིང་དང་པོ་བདེ་བླག་ངང་བླངས་པ་དང་། མཚོ་བོད་མཐོ་སྒང་གི་འཁྱགས་སྙིང་ཞིབ་འཇུག་ལ་དུས་རབས་གསར་པ་ཞིག་བཏོད་པ་རེད། 1992ལོར། ཁུ་ནུ་རི་བོ་ནས་རིང་ཚད་ལ་སྨི་309ཡོད་པའི་འཁྱགས་སྙིང་བླངས་པ་དང་། དེ་ནི་མིག་སྔར་འཛམ་གླིང་འཁྱགས་སྙིང་ཞིབ་འཇུག་ལོ་རྒྱུས་ཁྲོད་བླངས་པའི་འཕྲེད་ཐིག་ཏུའུ་ཆུང་འབྲིང་ཐོག་ཆེས་ཟབ་པ་དང་། དུས་ཚོད་ཆེས་རིང་བའི་རི་ཁུལ་གྱི་འཁྱགས་སྙིང་རེད། 1997ལོར། ཚན་རིག་པ་ཚོས་ཤི་ཤ་སྦང་མ་ནས་འཁྱགས་སྙིང་ཞིག་བླངས་པ་དེས་འཛམ་གླིང་འཁྱགས་སྙིང་ཞིབ་འཇུག་ལས་རིགས་ཀྱི་མ་དཔེ་ལེན་ས་རྒྱ་མཚོའི་ངོས་ལས་ས་བབས་(སྨི་7200)ཆེས་མཐོ་བའི་ཟིན་ཐོ་བཀོད་པ་རེད། 


   ཀྲུང་གོ་ཚན་རིག་ཁང་གི་སྐབས་བཅུ་བདུན་པའི་སྤྱི་པའི་ཚན་རིག་ཉིན་མོར། ཀྲུང་གོ་ཚན་རིག་ཁང་མཚོ་བོད་སའོ་ལྷ་ས་སྡེ་ཁག་གིས་མཚོ་བོད་མཐོ་སྒང་གི་འཁྱགས་སྙིང་མཛོད་ཁང་སྤྱི་ཚོགས་ལ་སྒོ་ཕྱེ་ནས་བསྟན། འདི་རུ་འདས་ཟིན་པའི་ལོ་30ལྷག་རིང་བླངས་པའི་མཚོ་བོད་མཐོ་སྒང་གི་འཁྱགས་སྙིང་རིང་ཚད་ལ་སྨི་2032ཡོད་པ་དེ་ཉར་ཚགས་བྱས་ཡོད་པ་དང་། གོ་ལ་ཧྲིལ་བོའི་གནམ་གཤིས་འགྱུར་ལྡོག་ཟིན་ཐོ་འགོད་པར་རིན་ཐང་ཆེས་ཆེ་བའི་"རང་བྱུང་ཁམས་ཀྱི་ཡིག་ཚགས་"དེ་རེད། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1