བོད་ཀྱི་ལོང་བ་སློབ་མ་བཀྲ་ཤིས་ཚེ་རིང་ད་ལོ་མཐོ་རྒྱུགས་ནང་ཞུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 06-09


    བཀྲ་ཤིས་ཚེ་རིང་ནི་གཞིས་ཀ་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པའི་ལོ་རིམ་གསུམ་པའི་འཛིན་གྲྭ་12ཀྱི་རིག་གནས་ཚན་ཁག་གི་སློབ་ཐོན་སློབ་མ་ཞིག་ཡིན་ཞིང་།  སྤྱི་ཟླ་6པའི་ཚེས་7ཉིན། ཁོང་ཉིད་རྒྱལ་ཡོངས་ཀྱི་མཐོ་རིམ་ལོ་རིམ་གསུམ་པའི་སློབ་མ་གཞན་དང་འདྲ་བར་མཐོ་རྒྱུགས་ནང་ཞུགས་ཡོད། ཁོང་ཉིད་ནི་གཞན་དང་མི་འདྲ་བའི་དམིགས་བསལ་སློབ་མ་ཞིག་ཡིན་ཏེ། བཀྲ་ཤིས་ཚེ་རིང་ལོ་བཞི་སླེབས་སྐབས་རྐྱེན་ངན་ཞིག་གི་དབང་གིས་མིག་ཟུང་ལོང་བར་གྱུར་ཡོད། 

     དམིགས་བསལ་གནས་ཚུལ་གྱི་དབང་གིས་ཨང་རྟགས་098ཅན་གྱི་རྒྱུགས་ར་འདིའི་ནང་དུ་བཀྲ་ཤིས་ཚེ་རིང་གཅིག་སྤུ་ལས་མེད་པས། ཁོང་གི་སྡོད་གྲལ་ནི་ཨང་གི་དང་པོ་ཡིན། དམིགས་བསམ་གྱི་རྒྱུགས་ར་འདིའི་ནང་། སྒྲོག་རྩེ་གསུམ་གྱི་སྟེང་ལོང་ཡིག་གཏགས་ཆས་དང་ལོང་ཡིག་ཤོག་བུ་ཁག་ཅིག་བཞག་ཡོད་ཅིང་།  ཁོང་གིས་ཡོ་ཆས་འདི་དག་སྤྱད་ནས་མཐོ་རྒྱུགས་ལེགས་འགྲུབ་བྱེད་དགོས་ཀྱི་ཡོད། 
    སྤྱི་ཟླ་6པའི་ཚེས་7ཉིན་སྤྱི་ལོ་2021ལོའི་མཐོ་རྒྱུགས་འགོ་བཙུགས་པ་རེད། གསར་འགོད་པར་སློབ་གསོ་པུའི་རྒྱུགས་སྤྲོད་ལྟེ་གནས་ནས་ཤེས་རྟོགས་བྱུང་བར་ལྟར་ན། སྤྱི་ལོ་2021ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ཁྲོད་མུ་མཐུད་དུ་སློབ་མ་ལོང་བ་ཚོར་ཆེད་དུ་ལོང་ཡིག་རྒྱུགས་ཤོག་བཟོས་ཡོད་ཅིང་།  ཀྲེ་ཅང་། ཨན་ཧུའེ། ཧོ་ནན། ང་ཀོང་ཏུང་། བོད་ལྗོངས། ཉིང་ཤ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་དྲུག་ལ་བསྡོམས་པས་དམིགས་བསལ་རྒྱུགས་སྤྲོད་སློབ་མ་11ཡོད་པ་དང་། དེ་དག་ཚང་མས་ལོང་ཡིག་ལ་བརྟེན་ནས་མཐོ་རྒྱུགས་སྤྲོད་བཞིན་ཡོད།  ད་ལོ་ནི་རང་རྒྱལ་གྱིས་སྤྱི་ལོ་2014ལོར་ཐེངས་དང་པོར་ལོང་ཡིག་གི་སྒོ་ནས་མཐོ་རྒྱུགས་སྤྲོད་པ་ནས་བཟུང་། རྒྱལ་ཡོངས་སུ་མཐོ་རྒྱུགས་ཁྲོད་ཞུགས་མཁན་དམིགས་བསལ་སློབ་མ་མང་ཤོས་ཀྱི་ལོ་ཞིག་རེད། 

    སློབ་གསོ་པུའི་རྒྱུགས་སྤྲོད་ལྟེ་གནས་ཀྱི་འབྲེལ་ཡོད་མི་སྣས།  རྒྱལ་ཡོངས་ཀྱི་སློབ་མ་ལོང་བ་རྣམས་ལ་ལོང་ཡིག་བེད་སྤྱོད་རྒྱུ་ཡོད་པ་མ་ཟད། དམིགས་བསལ་གྱི་སློབ་མ་རྣམས་ལ་ཡིག་རྒྱུགས་ཀྱི་ཡིག་འབྲུ་ཇེ་ཆེར་བཏང་བ་དང་། དམིགས་བསལ་སློབ་མས་ཉན་དགོས་པའི་རྒྱུགས་སྤྲོད་རྣམ་གྲངས་མེད་པར་བཟོས་ཁར། དེ་དག་ལ་ཆེད་དུ་རོགས་སྐྱོར་མི་སྣ་བཀོད་སྒྲིག་བྱས་ཡོད་པ་དང་། དམིགས་བསལ་སློབ་མ་རྣམས་སྔོན་ལ་རྒྱུགས་རའི་ནང་འགྲོ་ཆོག་པ་སོགས་ཀྱི་ཐབས་ཤེས་སྤྱད་དེ་མཐོ་རྒྱུགས་ནང་ཞུགས་མཁན་གྱི་དམིགས་བསལ་སློབ་མ་ཚོར་ལུགས་མཐུན་སྟབས་བདེ་སྐྲུན་ཡོད་ཅེས་གསུངས་པ་རེད། 
        ཁོང་ནས་མ་འོངས་པར་རེ་འདུན་གང་འདྲ་བཅངས་ཡོད་རུང་། བཀྲ་ཤིས་ཚེ་རིང་ལྟ་བུའི་ཕུགས་འདུན་དོན་དུ་གཉེར་མཁན་ཚོས་མདུན་སྐྱོད་ཀྱི་གོམ་སྟབས་མཚམས་འཇོག་མྱོང་མེད་ལ། འོད་སྟོང་རབ་ཏུ་འཕྲོ་བའི་བདེ་སྐྱིད་ཀྱི་མི་ཚེ་ཞིག་སྐྲུན་ཐུབ་ངེས་ཡིན་པར་ང་ཚོར་ཡིད་ཆེས་ཀྱིས་ཁེངས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1