གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༡ཚེས་༢༦ཉིན།

༄༅།། བུད་མེད་ལ་མངལ་འཁོར་བའི་ལོ་ཚད་ལ་ཁྱད་པར་ཡོད་དམ།


          ལོ་25ལ་མངལ་འཁོར་ན་ཡག་གམ། ཡང་ན་35ལ་འཁོར་ན་ཡག ངའི་བསམ་པར་ཁྱད་པར་ཆེན་པོ་ཡོད་མོད། ཡིན་ནའང་། གཉིས་ཀར་དགེ་སྐྱོན་ལྡན་ཞིང་། སྤྱིར་ན། ལོ་ཆུང་དུས་མངལ་འཁོར་ན་ཉེན་ཁ་ཅུང་ཆུང་།


          ལོ་25དང་35ལ་མངལ་འཁོར་ཚེ་སོ་སོར་ཁྱད་པར་གང་དག་ཡོད་དམ་ཞེ་ན། 
          1.ལོ་25སླེབས་པའི་བུ་མོར་མངལ་འཁོར་བདེ་ཞིང་། ལོ་35ལ་བལྟོས་བཅས་ཀྱིས་ཁག་ཙམ་ཡོད། གང་ལགས་ཤེ་ན། ལོ་རིམ་བཞིན་ཆེ་རུ་སོང་བ་དང་སྦྲགས་བུ་མོའི་ཁམས་དམར་ཡང་རིམ་བཞིན་སྐྱོ་རུ་འགྲོ་བར་བརྟེན། མངལ་འཁོར་ཁག་ཏུ་འགྲོ་གི་ཡོད།
          2.ལོ་25ལ་སླེབས་པའི་སྦྲུམ་མ་དང་བསྡུར་ན། ལོ་35ལ་སླེབས་པའི་སྦྲུམ་མས་ཕྲུ་གུ་བཙའ་སྐབས་དེ་མཚུངས་ཀྱི་ཉེན་ཁ་ཆེ་བ་ཡོད། དཔེར་ན། ཕྲུ་གུ་ཡ་མ་གཟུགས་སྐྱེ་བ་དང་། སྦྲུམ་མར་སྲོག་ཉེན་ཡོད་པ། ཕྲུ་གུ་མངལ་ནང་ཤི་བ། སྦྲུམ་མ་དང་ཕྲུ་གུ་གཉིས་ཀའི་སྲོག་ལ་ཉེན་ཁ་འཕྲད་སྲིད་པ་ལ་སོགས་པའི་གནས་ཚུལ་ཐོན་གྱི་ཡོད།
          3.ལོ་25ལ་མངལ་འཁོར་ན་ལོ་35ལས་གཟུགས་པོ་གསོ་སླ་བ་མ་ཟད། རྒྱགས་པ་ཆགས་སླ་པོ་མེད། ལོ་35ལ་མངལ་འཁོར་ན་ལྟ་སྐྱོང་བྱེད་སྐབས་སེམས་ནུས་འདང་གི་མེད། 

          4.གོང་གི་ཆ་རྐྱེན་གསུམ་པོ་ལོ་25སླེབས་པའི་སྦྲུམ་མའི་ལེགས་ཆ་ཤ་སྟག་རེད། འོན་ཏེ་ལོ་35ལ་མངལ་འཁོར་ན་ཕ་མའི་དཔལ་འབྱོར་རྨང་གཞི་ཡག་པས། ཕྲུ་གུར་དེ་མཚུངས་ཀྱི་ཆ་རྐྱེན་ལེགས་པོ་ཞིག་སྦྱིན་ཐུབ། དེས་ན། གལ་ཏེ་དཔལ་འབྱོར་ཆ་རྐྱེན་ཅུང་ཞན་ཙམ་ཡོད་ཚེ། ཕྲུ་གུ་ཕྱི་ཙམ་སྐྱེས་ན་དཀའ་ངལ་ཡང་ཉུང་ཙམ་འཕྲད་ངེས། 
          མདོར་བསྡུས་ནས་བརྗོད་ན། ལོ་35ལ་སླེབས་སྐབས་དཔལ་འབྱོར་ཆ་རྐྱེན་ཅུང་ཡག་རུང་། ལོ་25དང་བསྡུར་ན་མངལ་འཁོར་ཁག་པ་དང་། གསོ་དཀའ་བ། སྲོག་ལ་ཉེན་ཁ་ཆེ་བ་སོགས་ཀྱི་གནད་དོན་མི་ཉུང་བ་ཞིག་འཕྲད་སྲིད། དེར་བརྟེན། ཕྲུ་གུ་སྔ་ཙམ་སྐྱེས་ན་ཕྲུ་གུ་དང་ཨ་མ་གཉིས་ཀར་ཕན་ཐོགས་ཆེན་པོ་ཡོད། 
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1