གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༢ཚེས་༡༦ཉིན།

སྤྱི་བདེའི་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏང་རྒྱུའི་གནད་དོན་གལ་ཆེན།

སྤྱི་བདེའི་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་སྒྲོམ་གཞིའི་བསམ་འཆར་ཞེས་པ་དང་འབྲེལ་ཡོད་བསྒྱུར་བཅོས་ཇུས་གཞིར་ཀྲུང་དབྱང་གིས་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།


         ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཉེ་དུས། སྤྱི་བདེའི་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་སྒྲོམ་གཞིའི་བསམ་འཆར་ཞེས་པ་དང་འབྲེལ་ཡོད་བསྒྱུར་བཅོས་ཇུས་གཞིར་ཀྲུང་དབྱང་ནས་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་མ་ཟད་པར་འགྲེམ་བྱས་ཏེ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

          ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་བདེའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་སྤྱི་བདེའི་དཔུང་ཁག་འཛུགས་སྐྱོང་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་སྤྱི་བདེའི་ལས་དོན་གྱི་སྙན་ཞུ་ཐེངས་མང་གསན་པ་མ་ཟད། སྤྱི་བདེའི་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། དུས་བབ་གསར་པའི་འོག་གི་སྤྱི་བདེའི་ལས་དོན་དང་སྤྱི་བདེ་དཔུང་ཁག་གི་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུར་མཛུབ་སྟོན་གལ་ཆེན་གནང་ཡོད་པ་རེད།

 

            སྤྱི་བདེའི་ལས་དོན་གྱི་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་དམིགས་ཡུལ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་འཐུས་ཚང་དང་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་དང་འཚམས་པའི་དེང་རབས་ཉེན་རྟོག་ལས་དོན་འཁོར་སྐྱོད་སྒྲིག་གཞི་དང་ཁྲིམས་འཛིན་དབང་ཆ་འཁོར་སྐྱོད་ཀྱི་སྒྲིག་གཞི་འཛུགས་སྐྱོང་བྱ་རྒྱུ། སྤྱི་བདེ་ལས་ཁུངས་ཀྱི་ངོ་བོ་དང་ལས་འགན་དང་འཚམ་པའི་སྤྱི་བདེ་ལས་ཁུངས་ཀྱི་དོ་དམ་སྒྲིག་གཞི་འཛུགས་སྐྱོང་བྱ་རྒྱུ། མི་དམངས་ཉེན་རྟོག་པའི་ལས་ཀའི་ཁྱད་ཆོས་མངོན་པ་དང་། གཞུང་ཞབས་པ་གཞན་དང་མི་འདྲ་བའི་མི་དམངས་ཉེན་རྟོག་པའི་དོ་དམ་ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་བཅས་ཀྱི་ཆེད་དུ་ཡིན།
              སྤྱི་བདེའི་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་ལས་འགན་གཙོ་བོ་ཁག་བདུན་དང་བསྒྱུར་བཅོས་བྱ་ཐབས་བརྒྱ་ལྷག་ཙམ་ཡོད། བསྒྱུར་བཅོས་ཁ་ཕྱོགས་གཙོ་བོ་ཕྱོགས་གསུམ་ཐད་གཅིག་བསྡུས་བྱས་ཡོད། དེ་ཡང་དང་པོ་ནུས་ཤུགས་ཡོད་རྒུས་དེང་སྐབས་ཉེན་རྟོག་ལས་དོན་གྱི་འཁོར་སྐྱོད་སྒྲིག་གཞི་འཐུས་ཚང་དུ་བཏང་ནས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ཆེ་རུ་གཏོང་རྒྱུ། གཉིས་པ་ནི་ནུས་ཤུགས་ཡོད་རྒུས་སྤྱི་བདེ་སྲིད་འཛིན་དོ་དམ་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་དམངས་ཕན་གྱི་བྱ་ཐབས་གསར་པ་དེ་བས་མང་བ་བཏོན་ནས་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་རྒྱུ། གསུམ་པ་ནི་ནུས་ཤུགས་ཡོད་རྒུས་ཁྲིམས་སྐྱོང་བདེ་འཇགས་འཛུགས་སྐྱོང་བྱས་ནས་དོ་ནན་དང་། ཚད་ལྡན། གཞུང་དྲང་། ཤེས་དཔལ་བཅས་དང་ལྡན་པའི་ཁྲིམས་འཛིན་བྱ་རྒྱུ་འགན་ལེན་བྱས་ནས་མི་དམངས་མང་ཚོགས་ནས་སྤྱི་ཚོགས་ཀྱི་འདྲ་མཉམ་དང་གཞུང་དྲང་ཚོར་དུ་འཇུག་རྒྱུ་ཡིན་པ་རེད། 
            སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་སྒྲིག་གཞི་གསར་གཏོད་བྱ་རྒྱུའི་ཐད། ཐེངས་འདིའི་བསྒྱུར་བཅོས་ཀྱིས་བདེ་འཇགས་བཅོས་སྐྱོང་དོ་དམ་འགོག་སྲུང་སྒྲིག་གཞི་འཐུས་ཚང་དུ་གཏོང་རྒྱུ་དང་། རྒྱལ་སྤྱིའི་ཉེན་རྟོག་ལས་དོན་མཉམ་ལས་སྒྲིག་གཞི་འཐུས་ཚང་དུ་གཏོང་རྒྱུ། གསང་འཕྲིན་ཆ་འཕྲིན་གྱིས་ཉེན་རྟོག་ལས་དོན་གཙོ་ཁྲིད་བྱེད་པའི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་བྱ་ཐབས་མང་པོ་བཏོན་ཡོད་པ་རེད།
             སྤྱི་བདེའི་སྲིད་འཛིན་དོ་དམ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད། ཐེངས་འདིའི་བསྒྱུར་བཅོས་ཀྱིས་སྲིད་འཛིན་ཞིབ་མཆན་སྤྲོད་པའི་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཐེམ་ཐོའི་ལམ་ལུགས་བསྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཕྱི་རྒྱལ་བ་ཀྲུང་གོར་གཏན་སྡོད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། མཐའ་མཚམས་འགག་སྒོར་ཕར་འགྲོ་ཚུར་འོང་དང་འགྲིམ་འགྲུལ་བསྒྱུར་བཅོས་བྱེད་རྒྱུ་སོགས་ཀྱི་ཐད་བཀོད་སྒྲིག་རབ་དང་རབ་པ་བྱས་ཡོད།
               ཁྲིམས་འཛིན་དབང་ཆ་འཁོར་སྐྱོད་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུའི་ཐད། ཁྲིམས་འཛིན་ནོར་འཁྲུལ་ཡོ་བསྲང་དང་འགན་འཁྲི་བདའ་འདེད་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་དང་། ཁྲིམས་ཆད་གཅོད་ནོར་ཤོར་བའི་གྱོད་གཞིའི་འགན་འཁྲི་ཚེ་གང་རྩད་གཅོད་ལམ་ལུགས་འཛུགས་རྒྱུ། གྱོད་གཞི་ཐག་གཅོད་སྤུས་ཚད་ཚེ་གང་འགན་ཁུར་ལམ་ལུགས་འཚོལ་ཞིབ་དང་དོན་འཁྱོལ་བྱ་རྒྱུ་སོགས་ཚུད་པའི་ནང་དོན་མང་པོ་ཡོད་པ་རེད།
                སྤྱི་བདེའི་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད། མི་དམངས་ཉེན་རྟོག་པའི་ངོ་བོ་དང་ཁྱད་ཆོས་ལ་གཞིགས་ཏེ། གཞུང་ཞབས་པ་གཞན་དང་མི་འདྲ་བའི་མི་དམངས་ཉེན་རྟོག་པའི་དོ་དམ་ལམ་ལུགས་དང་འགན་སྲུང་སྒྲིག་གཞི་འཛུགས་རྒྱུ་ཡིན་པ་བཏོན་ཡོད།
 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1