གནམ་གྲུར་བསྡད་ནས་ཁྲེང་ཏུའུ་ལ་འགྲོ་དགོས་ན་འགྱུར་ལྡོག་འདི་འདུག །

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 04-13



       སྤྱི་ཟླ་4པའི་ཚེས་9ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་གནམ་ཐང་ནས་ཤེས་རྟོགས་བྱུང་བར། ཏོག་གསར་གློ་ཚད་རིམས་ནད་མཁའ་འགྲུལ་འགག་སྒོ་བརྒྱུད་དེ་འགོས་ཁྱབ་ཡོང་བར་སྔོན་འགོག་ལེགས་པོ་བྱ་ཆེད།  ཁྲེང་ཏུའུ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་གི་བླང་བྱ་གསར་ཤོས་ལ་གཞིགས་ཏེ། 2022ལོའི་ཟླ་4པའི་ཚེས་10ཉིན་གྱི་སྔ་དྲོའི་ཆུ་ཚོད་6པ་ནས་བཟུང་། ཁྲེང་ཏུའུ་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་ཐང་དང་ཁྲེང་ཏུའུ་ཐེན་ཧྥུ་རྒྱལ་སྤྱིའི་གནམ་ཐང་དུ་ཐོན་པའི་འགྲུལ་པ་ཚང་མས(རྒྱལ་ཁོངས་ཕྱི་ནས་ཡོང་མཁན་ལས་གཞན།)གནམ་གྲུར་མ་བསྡད་གོང་ངེས་པར་དུ་ཆུ་ཚོད་24ཡི་ནང་ཚུན་གྱི་ཉིང་སྐྱུར་བཤེར་འཇལ་ཚད་ལེན་མཇུག་འབྲས་སྲིབ་གཤིས་ཡིན་པའི་དཔང་ཡིག་མཁོ་འདོན་བྱེད་དགོས་པ་དང་། མཁའ་འགྲུལ་སྤྱི་གཉེར་ཁང་ཁག་གི་ལས་དོན་མི་སྣས་གནམ་གྲུར་མ་བསྡད་གོང་ཞིབ་བཤེར་བྱ་རྒྱུའི་འགན་འཁུར་དགོས།
      ཁྲེང་ཏུའུ་གནམ་ཐང་གིས་དྲན་སྐུལ་བྱས་དོན། རྒྱ་ཆེའི་འགྲུལ་པ་རྣམས་ཀྱིས་རང་གི་འགྲུལ་སྐྱོད་ལ་ཤུགས་རྐྱེན་མི་བཟོ་བའི་ཆེད་དུ་གནམ་གྲུར་བསྡད་ནས་ཁྲེང་ཏུའུ་རུ་མ་སོང་གོང་སྔོན་ལ་རིམས་འགོག་སྲིད་ཇུས་གསར་ཤོས་ཤེས་རྟོགས་བྱེད་དགོས་ལ། འབྲེལ་ཡོད་ཀྱི་ཞིབ་བཤེར་ལ་མཁོ་བའི་རྒྱུ་ཆ་དག་གྲ་སྒྲིག་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1