ལི་ཐང་ཡིད་རྟོན་ཁང་གི་སྐོར་བསྐྱོད་དངུལ་ཁང་གི་རླངས་འཁོར་གྲོང་ཚོའི་ནང་དུ་སོང་ནས་དཔྱིད་འདེབས་ལས་ཀར་ཞབས་ཞུ་བསྒྲུབས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ། ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-29


          ཉེ་ཆར། ལི་ཐང་རྫོང་ཡིད་རྟོན་ཁང་གི་ལས་སྒྲུབ་མི་སྣ་ཚོས་ལི་ཐང་རྫོང་འཇའ་བ་ཡུལ་ཤོག་སྒུ་སྟིང་གྲོང་ཚོའི་སྡེ་མི་འཇམ་དབྱངས་ཐུབ་བསྟན་གྱི་དཔྱིད་འདེབས་ཐོན་སྐྱེད་ཐད་དངུལ་བུན་སྒོར་ཁྲི་3གཏོང་བའི་སྐབས་སུ། ཁོང་གིས་དགའ་ཚོར་ཆེན་པོའི་ངང་། ད་ལྟ་ངས་འདྲུད་འཁོར་ཉོ་སྤྱད་མེད་པར་སེམས་ཁུར་བཞིན་པའི་སྒང་ཡིན། འོན་ཀྱང་ཡིད་རྟོན་ཁང་གི་དངུལ་བུན་འདི་འདྲ་མགྱོགས་པོར་གཏོང་ཐུབ་པ་ཞིག་ཡིད་ལའང་མ་ཤར། ཁྱེད་ཚོར་དངོས་གནས་བཀའ་དྲིན་ཆེ་ཞེས་བཤད།

          དཔྱིད་འདེབས་ཐོན་སྐྱེད་ཀྱི་འགོ་བརྩམས་རྗེས། ལི་ཐང་ཡིད་རྟོན་ཁང་གིས་གཙོ་བོ་ཕྱོགས་གསུམ་ནས་ཞིང་འབྲོག་མང་ཚོགས་ཀྱི་དཔྱིད་འདེབས་ལས་ཀར་ཞབས་ཞུ་བསྒྲུབས་ཡོད་དེ། ཞིང་གྲོང་དུ་དངུལ་བུན་བསྐྱི་བ་དང་དཔྱིད་འདེབས་ལག་རྩལ་དར་སྤེལ་བཏང་བ། ཚན་རྩལ་བརྡ་འཕྲིན་ཁྱིམ་ནང་དུ་སྐྱེལ་བ་བཅས་གསུམ་ཡིན།

           ལི་ཐང་རྫོང་གི་ཞིང་འབྲོག་ཆེ་བ་ཞིག་རྫོང་མཁར་དང་བར་ཐག་ཤིན་ཏུ་རིང་བའི་སར་གཞིས་སྡོད་བྱས་ཡོད་ཅིང་། ཞིང་འབྲོག་མང་ཚོགས་ཀྱིས་དངུལ་བུན་གཏོང་བར་སྟབས་བདེ་བཟོ་ཆེད། ལི་ཐང་རྫོང་ཡིད་རྟོན་ཁང་གིས་སྐོར་བསྐྱོད་དངུལ་ཁང་གི་རླངས་འཁོར་དང་། སྟབས་བདེའི་དངུལ་ཁང་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཤིང་། རང་འགུལ་གྱི་སྒོ་ནས་ཁུལ་དང་ཡུལ་ཤོག གྲོང་སྡེ་ཁག་ཏུ་ཟབ་ཞུགས་བགྱིས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་དཔྱིད་འདེབས་ཐོན་སྐྱེད་ཐད་དངུལ་བུན་ཅི་ཙམ་གཏང་དགོས་པར་རྒྱུས་ལོན་བྱས་པར་མ་ཟད། ཁ་པར་གྱི་ལམ་ནས་ཁ་ཆད་བྱེད་པ་དང་སྔོན་དཔག་བྱས་པ་བརྒྱུད། ཞིང་འབྲོག་མང་ཚོགས་ཀྱི་དངུལ་བུན་གཏོང་བའི་གྲངས་འབོར་ཤེས་རྟོགས་ཡོང་བར་བྱས། ཁོང་ཚོས་ཐབས་བརྒྱ་ཇུས་སྟོང་གིས་ཞིང་འབྲོག་མང་ཚོགས་ཀྱིས་དཀའ་ལས་བརྒྱག་མི་དགོས་པར་ཡིད་རྟོན་ཁང་དུ་རང་ཉིད་ལ་མཁོ་བའི་དངུལ་བུན་བླངས་ཏེ། དཔྱིད་འདེབས་ལ་སེམས་ཁུར་ལྷག་མ་བྱ་མི་དགོས་པར་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1