དྲ་ཐོག་གི་རྒྱ་བོད་ལོ་ཙཱའི་མ་ལག་ཚོད་ལྟའི་ངང་བེད་སྤྱོད་བྱེད་མགོ་ཚུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-07


 

         ཉེ་ལམ། ཀྲུང་གོའི་མི་རིགས་ཡིག་སྒྱུར་ཅུས་དང་བྱང་ཤར་སློབ་ཆེན་གྱི་རང་བྱུང་བརྡ་སྐད་སྒྲིག་བཅོས་ཚོད་ལྟ་ཁང་གཉིས་ཀྱིས་མཉམ་འབྲེལ་ངང་རྒྱ་ཡིག་དང་བོད་ཡིག་སོགས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རིགས་ལྔའི་རིག་འཕྲུལ་ལོ་ཙཱའི་མ་ལག་དངོས་སུ་ཚོད་ལྟའི་ངང་བེད་སྤྱོད་བྱེད་མགོ་ཚུགས་འདུག་ལ། གཤམ་གྱི་དྲ་ཚིགས་ནི་མ་ལག་དེའི་དྲ་ཚིགས་རེད། http://www.mzywfy.org.cn/translate.jsp

          མ་ལག་འདིར་འཛམ་གླིང་གི་རིག་འཕྲུལ་ལོ་ཙཱའི་ལག་རྩལ་རྩེ་གྲར་གྱུར་པའི་NiuTransལག་རྩལ་བེད་སྤྱད་ཡོད་ལ། Webདྲ་བའི་ཞབས་ཞུ་འཕྲུལ་ཆས་ལ་བརྟེན་ནས་དྲ་འཇུག་ཐུབ་པ་དང་ཐེངས་གཉིས་པར་གསར་སྤེལ་བྱས་པའི་ལོ་ཙཱ་སྤྲིན་APIཡི་མཐུད་ཁ་བེད་སྤྱོད་གཏོང་ཆོག འདི་ནི་རྒྱལ་ནང་གི་རྒྱ་ཡིག་དང་གྲངས་ཉུང་མི་རིགས་ཀྱི་ཡིག་རིགས་ཕན་ཚུན་ལོ་ཙཱ་བྱེད་པའི་མ་ལག་ཐོག་མ་ཡིན་ཞིང་། འདིས་བོད་དང་། སོག་པོ། ཡུ་གུར། ཧ་སག ཁོ་རེ་ཡ་བཅས་མི་རིགས་ལྔའི་སྐད་ཡིག་དེ་རྒྱ་ཡིག་དང་ཕན་ཚུན་ལོ་ཙཱ་བྱེད་ཐུབ་པར་མ་ཟད། རང་སྒྲིག་བྱེད་པའི་ནུས་པ་ལྡན་ཞིང་། ལོ་ཙཱ་བྱས་ན་མགྱོགས་ལ། འགྱུར་ཡིག་ཅུང་ཡང་དག་ཡིན་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་དང་། ཀྲུང་གོའི་མི་རིགས་ཡིག་སྒྱུར་ཅུས་སུ་བེད་སྤྱོད་གཏོང་བཞིན་ཡོད།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1