གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༥ཚེས་༡༩ཉིན།

ཨ་རིའི་ཁོར་ཡུག་སྲུང་སྐྱོབ་པ་ཚོས་གྲུ་བཏང་ནས་ཁི་ཕེ་རྡོ་སྣུམ་སྤྱི་གཉེར་ཁང་གིས་བྱང་འཁྱགས་དར་རྒྱ་མཚོར་རྡོ་སྣུམ་སྔོག་འདོན་བྱེད་པར་ངོ་རྒོལ་བྱས།

         སྤྱི་ཟླ་5པའི་ཚེས་17ཉིན། ཁོར་ཡུག་སྲུང་སྐྱོབ་མི་སྣ་བརྒྱ་ལྷག་གྲུ་ཆུང་ལ་བསྡད་དེ་ཨ་རིའི་ནུབ་བྱང་མཚོ་རྒྱུད་གྲོང་ཁྱེར་སེ་ཡ་ཐྲོ་རུ་འཛམ་གླིང་གི་ནུས་ཁུངས་སྤྱི་གཉེར་ཁང་ཆེ་ཤོས་ཁི་ཕེ་ཡིས་བྱང་འཁྱགས་དར་རྒྱ་མཚོར་རྡོ་སྣུམ་སྔོག་འདོན་བྱེད་པར་ངོ་རྒོལ་གྱི་བྱེད་སྒོ་སྤེལ་ཡོད་པ་རེད།


           གནས་ཚུལ་སྤེལ་བ་ལྟར་ན། ཐེངས་འདིའི་སེ་ཡ་ཐྲོ་རུ་གྲུ་གཏོང་བ་ཞེས་པའི་ངོ་རྒོལ་ལས་འགུལ་ཁྲོད་ཞུགས་མཁན་རྣམས་ཀྱིས། ཁི་ཕེ་སྤྱི་གཉེར་ཁང་གིས་ས་གནས་དེ་གའི་རྡོ་སྣུམ་སྔོག་འདོན་བྱས་པ་བརྒྱུད་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་གཏོང་བཞིན་ཡོད་པ་རེད་ཅེས་བསྟན། སྤྱི་གཉེར་ཁང་འདིས་མ་འོངས་པར་ཨ་རིའི་བྱང་རྒྱུད་མཚོ་འགྲམ་དུ་རྡོ་སྣུམ་སྔོག་འདོན་བྱ་རྒྱུའི་འཆར་གཞི་ཡོད་པ་དང་། རྡོ་སྣུམ་སྔོག་འདོན་སྟེགས་བུ་དང་པོ་དེ་གྲོང་ཁྱེར་སེ་ཡ་ཐྲོ་རུ་སྐྱེལ་འདྲེན་བྱས་མ་ཐག་དེ་གའི་ཁོར་ཡུག་སྲུང་སྐྱོབ་པ་མང་པོས་ངོ་རྒོལ་བྱས་ཡོད་འདུག མ་གཞི་སྤྱི་གཉེར་ཁང་འདིས་ཨ་རིའི་ཕོ་བྲང་དཀར་པོ་རུ་བྱང་འཁྱགས་དར་རྒྱ་མཚོར་རྡོ་སྣུམ་སྔོག་འདོན་བྱས་ཆོག་པའི་ཆོག་མཆན་ཐོབ་ཡོད་ཀྱང་། ད་དུང་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་དང་ཨ་ལ་སི་ཀ་མངའ་སྡེའི་སྲིད་གཞུང་གིས་ཀྱང་ཆོག་མཆན་ཐོབ་དགོས་པ་རེད། །


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1