སྡེ་ཁག་མཉམ་འབྲེལ་གྱིས་ཡུལ་སྐོར་ཁྲོམ་རར་དག་ཐེར་ནུས་ལྡན་གནང་།

​ འཕྲིན་སྤེལ་བ། དཔལ་མགོན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-09


    ཐང་སྐོར་གྲོང་རྡལ་གྱི་ཡུལ་སྐོར་ཁྲོམ་རའི་དོ་དམ་གྱི་ཆུ་ཚད་སྔར་ལས་མཐོར་གཏོང་ཆེད། ཉེ་ཆར་ཐང་སྐོར་གྲོང་རྡལ་གྱིས་རྫོང་སྤྱི་བདེ་ཅུས་དང་ནགས་ཚལ་རྩྭ་ཐང་ཅུས།  རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་ཅུས།  ལྗོངས་ཁུལ་དོ་དམ་ཅུས།  རྨ་ཁུགས་དང་པོ་ཀུང་སི་བཅས་དང་མཉམ་འབྲེལ་གྱིས་ཡུལ་སྐོར་ཐད་ཀྱི་སྣང་ཚུལ་ངན་པ་གཅིག་བསྡུས་དག་ཐེར་ལས་སྒོ་སྤེལ་ཏེ།  ཡུལ་སྐོར་ཁྲོམ་ར་གཏན་འཇགས་ཡིན་ལ་གོ་རིམ་ལྡན་པ།  བདེ་བླག་ཡིན་པ་བཅས་ཀྱི་སྒོ་ནས་འཕེལ་བར་འགན་བླངས་ནས།   མཛོད་དགེ་རྫོང་གི་རིག་གནས་ཡུལ་སྐོར་ཟུང་འབྲེལ་གྱི་འཕེལ་རྒྱས་ཆེན་པོར་རམ་འདེགས་སྒོས།  ཁོངས་ཡོངས་སྐྱེ་ཁམས་ཡུལ་སྐོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་བར་སྐུལ་འདེད་བཏང་།

    ཐེངས་འདིའི་སྣང་ཚུལ་ངན་པ་གཅིག་བསྡུས་དག་ཐེར་ཁྲོད།  ཐང་སྐོར་གྲོང་རྡལ་གྱིས་འཕྲལ་མར་ཡུལ་སྐོར་གྱི་སྣང་ཚུལ་ངན་པ་གཅིག་བསྡུས་དག་ཐེར་མཉམ་འབྲེལ་ཁྲིམས་འཛིན་ཚོགས་འདུ་བསྡུས་ཏེ།   ཁུལ་བགོ་འགན་གཙང་གི་འགན་འཁུར་ལམ་ལུགས་བཙུགས་ཏེ།   དག་ཐེར་ནང་དོན་དང་ལས་སྒྲུབ་དམིགས་ཡུལ།  འགན་བགོས་ལས་བགོས་བཅས་གསལ་ཆོད་སྒོས།   ལས་འགན་ཇེ་ནན་དུ་བཏང་སྟེ་གཅིག་བསྡུས་ཀྱིས་རྒྱུན་རྣམ་ཅན་གྱི་དོ་དམ་ལག་བསྟར་བྱས་ནས།  ཡུལ་སྐོར་ཁྲོམ་རའི་དག་ཐེར་ལས་དོན་སོ་སོ་ནན་སྒྲུབ་ཀྱིས་དམ་འཛིན་གང་ལེགས་གནང་བ་སྟེ།  གཅིག་ནས་སྐྱེ་ཁམས་སྲུང་སྐྱོང་ལ་རྐང་ཚུགས་ཏེ་ཡུལ་སྐོར་བའི་རླངས་འཁོར་རྩྭ་ཐང་དུ་བསྐྱོད་དེ་སྐྱེ་ཁམས་བརླག་པར་ནན་འགོག་བྱས། གཉིས་ནས་ཁྲིམས་མཐུན་བདག་གཉེར་ལ་ཁྲིད་སྟོན་གྱིས་སྒྲིག་འགལ་ངང་ཡུལ་སྐོར་བ་ལྗོངས་ཁུལ་དུ་ཁྲིད་པ་སོགས་ཡུལ་སྐོར་སྣང་བརྙན་ལ་གནོད་པའི་སྤྱོད་ཚུལ་ནན་འགོག་བྱས། གསུམ་ནས་བདེ་འཇགས་ཀྱི་བག་ཉལ་རྐྱེན་ངན་བསལ་ཏེ་ཡུལ་སྐོར་གྱི་སྒེར་གཉེར་ཚོང་དུད་ཀྱི་བདེ་འཇགས་སྒྲིག་ཆས་ལ་ཞིབ་བཤེར་སྒོས།  ཡུལ་སྐོར་ཁྲོམ་རའི་བདེ་འཇགས་བདག་གཉེར་ཁོར་ཡུག་འགན་བླངས།   ཞིབ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་དང་འབྲེལ་བའི་སྒེར་གཉེར་ཚོང་དུད་ལ་དམིགས་ཏེ།   འཕྲལ་མར་དག་ཐེར་བྱེད་ཐུབ་མཁན་ལ་ཁྲིམས་འཛིན་མི་སྣས་འཕྲལ་མར་ཡུལ་དངོས་ནས་དག་ཐེར་བྱེད་དུ་བཅུག་པ་དང་།  འཕྲལ་མར་དག་ཐེར་བྱེད་མི་ཐུབ་མཁན་ལ་གཞིགས་ཏེ་བདག་གཉེར་ཚོང་དུད་ལ་དུས་བཅད་ནང་དག་ཐེར་བྱེད་དུ་བཅུག་སྟེ།  ཡིད་རྟོན་བདག་གཉེར་གྱི་ཡུལ་སྐོར་ཁྲོམ་རའི་རྣམ་པ་བཟང་བོ་བསྐྲུན།

    ཐེངས་འདིའི་ལས་སྒོར་བསྡོམས་པའི་རླངས་འཁོར་འཁོར་ཐེངས4དང་ཁྲིམས་འཛིན་མི་སྣ་མི་ཐེངས20ལྷག་བཏང་ཞིང་།  ཡུལ་སྐོར་གྱི་སྒེར་གཉེར་ཚོང་དུད83ལ་ཞིབ་བཤེར་བྱས་ཏེ། དག་ཐེར་བསམ་འཆར་དང་གྲོས་གཞི4བཏོན་པར་མ་ཟད་འགན་ཡིག6བཀོད། རྗེས་སོར་ཐང་སྐོར་གྲོང་རྡལ་གྱིས་ཐེངས་འདིའི་དག་ཐེར་ལས་སྒོ་གོ་སྐབས་སུ་བཟུང་སྟེ།   རྒྱུན་རྣམ་ཅན་ལྟར་ཡུལ་སྐོར་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་སྒོས།   ཐང་སྐོར་གྲོང་རྡལ་གྱི་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་དང་ཞབས་ཞུའི་སྤུས་ཀ་སྲུང་སྐྱོང་སྒོས།  ཡུལ་སྐོར་ཁྲོམ་རའི་ཕྱོགས་སོ་སོའི་གནད་དོན་བཀག་འགོག་ནུས་ལྡན་བྱས་ཏེ།   རིག་གནས་ཡུལ་སྐོར་ཟུང་འབྲེལ་གྱིས་འཕེལ་བར་རམ་འདེགས་སྒོས།  ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་སྔར་ལས་སྐས་རིམ་གསར་བར་འཛེག་པར་སྐུལ་འདེད་བཏང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1