གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༧ཚེས་༢༩ཉིན།

ཧ་སག་སི་ཐན་རྒྱལ་ཁབ་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་སུ་ཞུགས་པའི་ཆོག་མཆན་ཐོབ།


     ཧ་སག་སི་ཐན་གྱི་སྲིད་འཛིན་ན་ཀྲ་པ་ཡེ་དང་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཨ་ཙེ་ཝོས་དི་གཉིས་ཀྱིས་ཧ་སག་སི་ཐན་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་སུ་ཞུགས་པའི་གྲོས་མཐུན་ཡི་གེ་ཐོག་ཏུ་མིང་རྟགས་བཀོད།                          

  ལོ་ངོ་20ལ་ཉེ་བར་གྲོས་མོལ་བྱེད་པར་བརྒྱུད། སྤྱི་ཟླ་7པའི་ཚེས་27ཉིན། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ལྷན་ཚོགས་ཀྱིས་དངོས་སུ་ཧ་སག་སི་ཐན་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་སུ་ཞུགས་པའི་ཆོག་མཆན་ཐོབ། 

   འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཨ་ཙེ་ཝོས་དི་དང་ཧ་སག་སི་ཐན་གྱི་སྲིད་འཛིན་ན་ཀྲ་པ་ཡེ་གཉིས། ཉིན་དེར་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཅིན་ནིང་ཝི་སྤྱི་ཁྱབ་ཁང་ནང་དུ་ཧ་སག་སི་ཐན་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་སུ་ཞུགས་པའི་གྲོས་མཐུན་ཡི་གེ་ཐོག་ཏུ་མིང་རྟགས་བཀོད་པ་རེད། གྲོས་མཐུན་ཡི་གེ་འདི་རིམ་པར་ཧ་སག་སི་ཐན་གྱི་གྲོས་ཁང་དུ་སྤྲད་རྒྱུ་རེད། སྤྱི་ཟླ་10པའི་ཚེས་31ཉིན་གྱི་སྔོན་ལ་གྲོས་ཁང་གིས་མཐར་ཐུག་གི་ཞིབ་བཤེར་གྲོས་མོལ་ བརྒྱུད་ཐག་བཅད་བྱ་རྒྱུ་དང་། ཚོད་དཔག་ལྟར་ན་ལོ་མཇུག་གི་སྔོན་དུ་ཧ་སག་སི་ཐན་དངོས་སུ་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཏུ་འགྱུར་རྒྱུ་རེད ། 

ཨ་ཙེ་ཝོས་དིས་མིང་རྟགས་བཀོད་པའི་མཛད་སྒོའི་རྗེས་སུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐོག་ཏུ་བསྟན་དོན། དེ་རིང་ཧ་སག་སི་ཐན་དང་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་གཉིས་ལ་མཚོན་ན་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཡིན་ཞིང་། ཕྱོགས་གཉིས་ཀས་ལོ་ངོ་20ལ་ཉེ་བའི་གྲོས་མོལ་མཇུག་རྫོགས་ཏེ། དཔལ་འབྱོར་ལ་ཤུགས་རྐྱེན་གལ་ཆེན་ཐེབས་པའི་གྲུབ་འབྲས་ཐོབ་ཡོད་ལ། ཧ་སག་སི་ཐན་གྱིས་འཛམ་གླིང་ཉོ་ཚོང་སྒོ་འབྱེད་ཕྱོགས་སུ་འགྲོ་འདོད་པའི་ཆ་འཕྲིན་གལ་ཆེན་འདོན་སྤྲོད་བྱས་ཡོད། 

   ན་ཀྲ་པ་ཡེས་བསྟན་དོན། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་སུ་ཞུགས་པའི་གྲོས་མོལ་བྱེད་པའི་བརྒྱུད་རིམ་ཁྲོད་དུ། ཧ་སག་སི་ཐན་གྱི་དཔལ་འབྱོར་གྲུབ་ཚུལ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། འདས་པའི་ལོ་ཁ་ཤས་ཀྱི་རིང་ལ། ཧ་སག་སི་ཐན་གྱི་དཔལ་འབྱོར་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་སྣེ་མཐུད་པའི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།། 


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1