གསེར་རྟ་རྫོང་གིས་རྫོང་དབུ་བརྙེས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་རྒྱལ་གཅེས་ཁྲིམས་སྲུང་འཆམ་མཐུན་བདེ་སྐྱིད་ཀྱི་བརྗོད་དོན་བྱེད་སྒོ་སྤེལ།

ངེད་དྲ་བའི་གསར་འགོད་པ། རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ། རྣམ་དཀར་ལྷ་མོ།ཡོང་ཁུངས།ངེད་དྲ་བ སྤེལ་དུས། 08-10


        སྤྱི་ཟླ་8པའི་ཚེས་10ཉིན་གྱི་སྔ་དྲོར། གསེར་རྟ་རྫོང་གིས་རྫོང་དབུ་བརྙེས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་རྒྱལ་གཅེས་ཁྲིམས་སྲུང་འཆམ་མཐུན་བདེ་སྐྱིད་ཀྱི་བརྗོད་དོན་བྱེད་སྒོ་སྤེལ་འགོ་ཚུགས།

བྱེད་སྒོའི་ཡུལ་དངོས།

         སྒོ་འབྱེད་མཛད་སྒོའི་ཐོག ཁུལ་ཨུའི་རྒྱུན་ཨུ།དྲུང་ཡིག་ཆེན་མོ།གསེར་རྟ་རྫོང་ཨུ་ཧྲུའུ་ཅི་ཀྲང་ཕིན་སུན་གྱིས་ཤིས་ཚིག་ཕུལ་བ་དང་། སི་ཁྲོན་ཞིང་ཆེན་རིག་གནས་ཐིང་ཐིང་ཀྲང་ཚེ་པོས་བྱེད་སྒོ་དངོས་སུ་འགོ་ཚུགས་པ་ཁྱབ་བསྒྲགས་བྱས། རྫོང་དཔོན་དཔལ་ལྡན་གྱིས་མཛད་སྒོར་འགོ་འཛིན་བྱས།          

ཁུལ་ཨུའི་རྒྱུན་ཨུ།དྲུང་ཡིག་ཆེན་མོ།གསེར་རྟ་རྫོང་ཨུ་ཧྲུའུ་ཅི་ཀྲང་ཕིན་སུན་གྱིས་ཤིས་ཚིག་ཕུལ་བཞིན་པ།

        མཛད་སྒོའི་སྟེང་རྫོང་གི་ཕུལ་བྱུང་གཞི་རིམ་ཏང་རྩ་འཛུགས་དང་ཕུལ་བྱུང་ལས་བྱེད་མི་སྣ་སོགས་སྡེ་ཁག་དང་མི་སྒེར་ལ་བྱ་དགའ་གནང་།

བྱ་དགའ་གནང་བཞིན་པ།

       རིག་རྩལ་འཁྲབ་སྟོན་གྱི་ལེ་ཚན་ཁྲོད་དུ་འབག་བྲོ་དང་ཞབས་བྲོ། རྟ་རྒྱུགས་རྒྱལ་འཇོག ཞབས་བྲོ་འབྲོག་པའི་འཚོ་བ་གསར་པ། བརྗོད་དོན་གླུ་དབྱངས་མཛེས་པའི་རྩྭ་ཐང་སོགས་ཀྱི་ལྟད་མོ་རྒྱ་ཆེ་ངོམས། ཕྱི་དྲོར་གེ་སར་རིག་གནས་སྒྱུ་རྩལ་ལྟེ་གནས་སུ་བཤམས་སྟོན་འགྲེམས་སྤེལ་བྱས། 

རིག་རྩལ་འཁྲབ་སྟོན།

རིག་རྩལ་འཁྲབ་སྟོན།

        གསེར་རྟ་ནི་རིག་གནས་པུའུ་ཡིས་ཀྲུང་གོའི་མི་རིགས་དམངས་ཁྲོད་རིག་གནས་སྒྱུ་རྩལ་དང་ཀྲུང་གོའི་གེ་སར་རིག་གནས་སྒྱུ་རྩལ་གྱི་ཕ་ས་ཞེས་མཚན་གསོལ་ཡོད་དེ། ལོ་ངོ་60ཡི་རིང་།གསེར་རྟ་རྫོང་གིས་ཀྲུང་དབྱང་དང་ཞིང་ཨུ།ཁུལ་ཨུའི་སྲིད་ཇུས་ཇུས་འགོད་ལག་བསྟར་ནན་མོ་བྱས་ཏེ།སྤྱི་ཡོངས་ནས་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་དོན་ཆེན་གསུམ་པོ་གཙིགས་སུ་བཟུང་ཡོད། 2014ལོར།རྫོང་ཡོངས་ཀྱི་ས་ཁུལ་ཐོན་སྐྱེད་སྤྱིའི་རིན་གྲངས་སྒོར་དུང་ཕྱུར་5.6དང་།སྤྱིའི་གཏན་འཁེལ་མ་དངུལ་གཏོང་འཇོག་སྒོར་དུང་ཕྱུར་12  ས་གནས་སྤྱིའི་ནོར་སྲིད་ཡོང་འབབ་སྒོར་ཁྲི་4588དང་།ཡུལ་གྲོང་སྡོད་དམངས་ཀྱི་བཀོད་འདོམས་བྱེད་ཆོག་པའི་ཡོང་འབབ་སྒོར་26207  ཞིང་འབྲོག་མང་ཚོགས་ཀྱི་ཆ་སྙོམས་ཡོང་འབབ་སྒོར་5478ལ་ཟིན་ཡོད།།    



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1