དཀར་མཛེས་ཁུལ་ཀྱི་སྐབས་གསར་བའི་རྨོ་བསྐྱུར་ནགས་སྐྱོང་ལས་གཞི་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བྱས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ། རྣམ་དཀར་ལྷ་མོ།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 08-20


  ན་ནིང་གི་ཟླ་12པར། འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་སྲུང་སྐྱོང་གི་ཆེད་དུ་དཀར་མཛེས་ཁུལ་གྱིས་སྐབས་གསར་བའི་རྨོ་བསྐྱུར་ནགས་སྐྱོང་གི་བྱ་བ་སྒྲུབ་འགོ་བརྩམས། ཐེངས་འདིའི་རྨོ་བསྐྱུར་ནགས་སྐྱོང་གི་ལས་གཞི་དེ་སྔོན་དང་མི་འདྲ་བ་ནི་ཞིང་པས་རང་མོས་ངང་ཤིང་སོན་འདེམས་སྒྲུག་བྱེད་ཆོག་པ་སྟེ། ཅི་ཞིག་འདེབས་འདོད་ན་དེ་འདེབས་ཆོག། 

   གསར་འགོད་པས་དཀར་མཛེས་ཁུལ་རྨོ་བསྐྱུར་ནགས་གསོའི་ལས་གྲྭའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན།  སྐབས་གསར་བའི་རྨོ་བསྐྲུར་ནགས་གསོའི་ལས་གཞི་དེ་སྔོན་དང་བསྡུར་ན་མི་འདྲ་ས་ཕྱོགས་ལྔ་ཡོད། གཅིག རྒྱབ་ལྗོངས་མི་འདྲ། གཉིས། ཇུས་འགོད་བསམ་ཕྱོགས་མི་འདྲ། གསུམ། གཞི་རྩའི་རྩ་དོན་མི་འདྲ། བཞི། ཁ་གསབ་རོགས་དངུལ་གྱི་ཚད་གཞི་མི་འདྲ། ལྔ་། ས་ཆ་སོ་སོའི་དོན་འཁྱོལ་མི་འདྲ། 

   གསར་འགོད་པས་དཀར་མཛེས་ཁུལ་གྱི་རྨོ་བསྐྱུར་ནགས་སྐྱོང་ལས་གཞིའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔར། ཁུལ་ཡོངས་ཀྱི་སྐབས་གསར་བའི་རྨོ་བསྐྱུར་ནགས་སྐྱོང་གི་རྩྭ་གསོའི་ལས་གཞི་དེ་སྲིད་ཇུས་གཏན་འབེབས་ལྟར་གོ་རིམ་ལྡན་པའི་ངང་སྐྲུལ་འདེད་ཤུགས་ཆེན་བྱེད་བཞིན་ཡོདཔ་དང་། མིག་སྔའི་བར། དཀར་མཛེས་ཁུལ་གྱི་རྣམ་གྲངས་རྫོང་ཁག་7གྱིས་སྐབས་གསར་བའི་རྨོ་བསྐྱུར་ནགས་སྐྱོང་ལས་གཞི་མུའུ་ཁྲི་2.83ལེགས་འགྲུབ་བྱུང་།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1