བྲག་འགོ་རྫོང་གིས་ཀུན་སྤྱོད་དགེ་གཞོལ། ཁྲིམས་སྐྱོང་ལག་ལེན་ཞེས་པའི་གཏམ་བཤད་འགྲན་བསྡུར་གྱི་བྱེད་སྒོ་སྤེལ།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ། ཚེ་དཔལ།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 08-21


    

      སྤྱི་ཚོགས་རིང་ལུགས་སྲོག་ཤིང་གི་རིན་ཐང་ལྟ་བའི་དགོངས་དོན་ལག་ལེན་དང་རྫོང་ཡོངས་ཀྱི་ལས་སྒོ་སོ་སོར་ལས་ཀར་སྤྲོ་སྣང་ལྡན་ཞིང་དྲན་བདེན་ལ་གཞོལ་བ། རྒན་བཀུར་ཆུང་བྱམས་ཀྱི་མི་ཆོས་རིག་གནས་ཀྱི་ཁོར་ཡུག་བསྐྲུན་རྒྱུ་དང་། བྲག་འགོའི་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན། ཁྲིམས་ལུགས་ཤེས་བྱ་ཁྱབ་བརྡལ་དུ་གཏང་སླད་ཀྲུང་གུང་བྲག་འགོ་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་ཀྲུང་གུང་བྲག་འགོ་རྫོང་ཐད་གཏོགས་ཏང་ཨུའི་ལས་ཁུངས། གུང་གཞོན་ཚོགས་པ་བྲག་འགོ་རྫོང་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་ཀུན་སྤྱོད་དགེ་གཞོལ། ཁྲིམས་སྐྱོང་ལག་ལེན་ཞེས་པའི་གཏམ་བཤད་འགྲན་བསྡུར་གྱི་བྱེད་སྒོ་སྤེལ། རྫོང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྫོང་དྲིལ་བསྒྲགས་པུའུ་ཡི་འགོ་གཙོ་ཧྥན་ཡུས་འགྲན་བསྡུར་བྱེད་སྒོ་སྟེང་ཞུགས་པར་མ་ཟད་བྱ་དགའ་ཐོབ་མཁན་དག་ལ་བྱ་དགའི་རྟགས་མ་གནང་།

     འགྲན་ཞུགས་པ་དག་གིས་སྤོབས་པ་དང་སྤྲོ་སྣང་ལྡན་པའི་སྒོ་ནས་མི་ཆོས་ཀུན་སྤྱོད་དང་ཁྲིམས་ལུགས་ཤེས་བྱའི་ཐད་ནས་རང་ཉིད་ཀྱི་མྱོང་རྟོག་དང་སྦྲགས་ནས་གཏམ་བཤད་སྤེལ། ཐེངས་འདིའི་གཏམ་བཤད་བརྒྱུད་བྲག་འགོ་རྫོང་གི་འཆམ་མཐུན་དང་ཁྲིམས་སྐྱོང་གི་སྤྱི་ཚོགས་ཁོར་ཡུག་བསྐྲུན་པར་ཕན་ནུས་ཆེན་པོ་འདོན་སྲིད། 

     དཔྱད་འདེམས་པ་དག་གིས་དྲང་བདེན་དང་གཟབ་ནན་གྱི་དཔྱད་ཞིབ་བརྒྱུད་མཇུག་མཐར་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཨང་རིམ་གསུམ་བཀར་ཏེ་བྱ་དགའི་རྟགས་མ་གནང་ཞིང་མཉམ་པར་བསྐྱོན།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1