ཞི་ཅིན་ཕིང་གིས་ལའོ་ཝུའོ་རྒྱལ་ཁབ་ཀྱི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲུའུ་མ་ལི་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02


  སྤྱི་ཟླ་8པའི་ཚེས་31ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་རྗེས་དྲན་བྱེད་སྒོར་ཞུགས་པའི་ལའོ་ཝུའུ་མི་དམངས་གསར་བརྗེ་ཏང་གི་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲུའུ་མ་ལི་དང་གྲོས་མོལ་མཛད། 

  གྲོས་མོལ་ཚོགས་འདུའི་སྟེང་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལའོ་ཝུའུ་གཉིས་ཀྱི་ཏང་དང་རྒྱལ་ཁབ་གཉིས་ཀྱི་མཛའ་འབྲེལ་ལ་གདེང་འཇོག་ཆེན་པོ་གནང་པར་མ་ཟད། ཀྲུའུ་ཞི་ཀྲུའུ་མ་ལི་2006ལོར་ཏང་དང་རྒྱལ་ཁབ་ཀྱི་ཆེས་མཐོ་བའི་འགོ་ཁྲིད་ཀྱི་འགན་བཞེས་པ་ནས་བཟུང་། ཀྲུང་གོ་དང་ལའོ་ཝུའུ་གཉིས་ཀྱི་འཐབ་ཇུས་ཡིད་རྟོན་དང་མཛའ་འབྲེལ་མཉམ་ལས་ཀྱི་འཕེལ་རྒྱས་དང་སྐུལ་འདེད་ཐད་ལ་ལས་ཀ་མང་པོ་བསྒྲུབས་པར་བསྟོད་བསྔགས་བྱས། ཞི་ཅིན་ཕིང་གིས། ཉེ་བའི་ལོ་འགའི་རིང་། ཀྲུང་གོ་དང་ལོའོ་ཝུའུ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་འབྲེལ་བར་རྣམ་པ་གསར་པ་མངོན་ཡོད་ལ། རྒྱལ་ཁབ་གཉིས་ཀྱིས་ལས་དབང་དང་ཁེ་ཕན། རིག་གནས་བཅས་ཀྱི་འབྲེལ་ཐག་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བྱས་པས། ཏང་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་ཆེས་བཟང་བའི་དུས་སྐབས་སུ་ཐོན་ཡོད་ཅེས་བསྟན། 

  གྲོས་ཚོགས་སྟེང་ཀྲུའུ་མ་ལི་ཡིས། ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་ཁྲོད་བླ་ན་མེད་པའི་བྱས་རྗེས་བཞག་ཡོད་པ་དང་ལའོ་ཝུའུ་དང་ཀྲུང་གོ་རྒྱབ་ཁབ་གཉིས་ཀྱི་མི་དམངས་ཀྱིས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་འབད་བརྩོན་བྱས་པའི་གོ་རིམ་ཁྲོད་མཛའ་འབྲེལ་ཟབ་མོ་ཆགས་པར་ཚད་མཐོ་བའི་གདེང་འཇོག་གནང་ཞིང་། ཁོང་གིས་ལའོ་ཝུའུ་རྒྱལ་ཁབ་ཀྱི་ད་ལྟའི་གནས་བབ་དང་ལའོ་ཝུའུ་མི་དམངས་གསར་བརྗེ་ཏང་གི་འཛུགས་སྐྲུན་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད། ལའོ་ཝུའུ་ཏང་དང་སྲིད་གཞུང་གི་ཚབ་མཛད་དེ་ཀྲུང་གོས་དུས་ཡུན་རིང་པོར་ལའོ་ཝུའུ་ལ་རྒྱབ་སྐྱོར་བྱས་པར་སེམས་གཏིང་ནས་བཀའ་དྲིན་ཞུས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གདེང་འཇོག་བྱས་པ་དང་ཁྱོན་ཡོངས་ནས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བར་སྐུལ་འདེད་གཏང་དགོས་པའི་དགོངས་འཆར་ལ་མོས་འཐད་ཡོད་པ་དང་ཕྱོགས་གཉིས་ཀྱི་མཐོ་རིམ་འབྲེལ་བ་ཇེ་དམ་དང་ཏང་བསྐྲུན་ཉམས་མྱོང་བརྗེ་རེས། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཕན་ཚུན་ལ་རོགས་འདེགས་དང་བབ་སྟུན་བྱ་དགོས་ཞེས་བསྟན། 

  མཇུག་མཐར་ཞི་ཅིན་ཕིང་དང་ཀྲུའུ་མ་ལི་གཉིས་ཀྱིས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་ཡིག་ཆར་མིང་རྟགས་བཀོད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1