སྐབས་བཅོ་ལྔ་པའི་རྒྱལ་ཡོངས་བོད་སྐད་འཕྲིན་སྦྱོར་གྱི་ལས་གཉེར་ཚོགས་འདུ་རྔ་བ་ཁུལ་ཝུན་ཁྲོན་ནས་གཟབ་རྒྱས་ངང་འཚོགས།

སངས་རྒྱས་ནོར་བུས་བྲིས། རྩོམ་སྒྲིག་པ།སངས་རྒྱས་ནོར་བུ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-22



 


  སྤྱི་ཟླ་9པའི་ཚེས་19ཉིན།  རྔ་བའི་ཉིན་རེའི་ཚགས་པར་ཁང་གིས་གཙོ་སྒྲུབ་བྱས་པའི་སྐབས་བཅོ་ལྔ་པའི་རྒྱལ་ཡོངས་བོད་སྐད་འཕྲིན་སྦྱོར་གྱི་ལས་གཉེར་ཚོགས་འདུ་དེ་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཝུན་ཁྲོན་རྫོང་ནས་གཟབ་རྒྱས་ངང་འཚོགས།

  ཐེངས་འདིའི་གྲོས་ཚོགས་སུ། པེ་ཅིང་དང་བོད་ལྗོངས། མཚོ་སྔོན།  སི་ཁྲོན། ཡུན་ནན་བདེ་ཆེན། ཀན་སུའུ་ཀན་ལྷོ་སོགས་ནས་ཡོང་པའི་བོད་ཡིག་ཚགས་པར་ཁང་དང་དུབ་དེབ་ཁང་། དྲ་བ་སོགས་ལས་རིགས་ཁག་གི་གསར་འགོད་མི་སྣ་བསྡོམས་པས་མི་80ལྷག་ཞུགས།    

 


  རྔ་བའི་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུ་ཧྲུའུ་ཅི། སྤྱི་ཁྱབ་རྩོམ་སྒྲིག་པ་ཀྲུའུ་ཀྲིན་ཆོན་དང་། རྔ་བ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཡང་ཤིན། རྔ་བ་ཁུལ་དགེ་འོས་སློབ་གླིང་གི་ཏང་ཨུ་ཀྲུའུ་ཞི་གཞོན་པ་འཇམ་རིན། ཝུན་ཁྲོན་རྫོང་གི་རྫོང་ཨུའི་རྒྱུན་ཨུ། རྒྱུན་ལས་རྫོང་དཔོན་གཞོན་པ་ཝུ་ཁེ་མིས་སོགས་གྲོས་ཚོགས་སུ་ཞུགས་ནས་གསུང་བཤད་གནང་།


 

  ཐེངས་འདིའི་གྲོས་ཚོགས་བརྒྱུད་བོད་ཡིག་འཕྲིན་སྦྱོར་གྱི་ལས་ཀའི་ཁྲོད་རྒྱུན་པར་འཕྲད་བཞིན་པའི་མིང་ཚིག་གསར་པའམ་བརྡ་ཆད་གསར་པ་གཅིག་གྱུར་དང་།  བོད་ཡིག་གི་ཚགས་པར་དང་དུས་དེབ། རྒྱང་བསྒྲགས་བརྙན་འཕྲིན། དྲ་ངོས་སུ་སྤེལ་བའི་གསར་འགྱུར་ལེགས་པོ།  བསྒྱུར་རྩོམ་ཡག་པོ།  པར་ངོས་ཡག་པོ།  ཕུལ་བྱུང་དཔྱད་རྩོམ་སོགས་ལ་དཔྱད་བསྡུར་བྱས་ནས་བྱ་དགའ་སྤྲད་རྒྱུ་རེད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1