སྐབས་དྲུག་པའི་འཇང་དགུན་ཆོས་ཚོགས་ཆེན་མོ་དར་རྩེ་མདོའི་ལྷ་མོ་རྩེར་དགོན་པར་འཚོགས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-24


    སྤྱི་ལོ་2015ལོའི་ཟླ་9པའི་ཚེས་19ཉིན། སྐབས་དྲུག་པའི་མདོ་ཁམས་འཇང་དགུན་ཆོས་ཆེན་མོ་དེ་སི་ཁྲོན་ཞིང་ཆེན་དར་རྩེ་མདོའི་ལྷ་མོ་རྩེར་དགོན་པར་འཚོགས། ད་རེས་ཀྱི་ཆོས་ཚོགས་ལ་དུས་ཡུན་ཉིན་10ཡོད་ཅིང་། ཟླ་བ་9པའི་ཚེས་19ཉིན་ནས་འགོ་བཙུགས་ཏེ་ཚེས་28ལ་མཇུག་སྒྲིལ་རྒྱུ་རེད།

   ཆོས་ཚོགས་སུ་ཞུགས་པའི་དགོན་སྡེ་ཁག་གི་བླ་སྤྲུལ་དགེ་བཤེས་དང་གྲྭ་བཙུན་རྣམ་པས་གཞུང་པོད་ལྔའི་གཙོས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་སོགས་སྲོལ་རྒྱུན་གྱི་གཞུང་ཆེན་ཁག་ལ་བརྒལ་བརྟག་གནང་བ་དང་། དམ་བཅའ་འཇོག་པ། ཐུགས་སྨོན་སྐྱབས་ཞུས་མཛད་པ་སོགས་ཀྱི་ཆོ་ག་ཕུན་སུམ་ཚོགས་པ་སྤེལ་ཞིང་། ཕྱོགས་ཁག་གི་ཕྱག་མཆོད་སྨོན་གསུམ་གནང་མཁན་གྱི་དད་ལྡན་མང་ཚོགས་མང་པོ་ལྷ་མོ་རྩེ་དགོན་པར་མཇལ་བཅར་ཞུ་བར་སླེབས་ཡོད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1