དར་མདོའི་ཕག་མོ་རིའི་གནས་སྐོར་དུས་ཆེན་འཛུགས་གཉེར་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 05-13


    བོད་ཟླ་བཞི་པའི་ཚེས་བརྒྱད་ཉིན་ནི་དར་མདོའི་སྲོལ་རྒྱུན་གྱི་ཕག་མོ་རིའི་གནས་སྐོར་དུས་ཆེན་ཡིན་པ་རེད།  གསར་འགོད་པས་དར་མདོ་གྲོང་ཁྱེར་སྲིད་གཞུང་གི་གཞུང་ལས་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།སྤྱི་ཟླ5པའི་ཚེས13ནས14ཉིན་བར་ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་གསར་འགྱུར་ཅུས་དང་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན། དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས2016ལོའི་དར་མདོའི་བཞི་པའི་ཚེས་བརྒྱད་ཉིན་གྱི་ཕག་མོ་རིའི་གནས་སྐོར་དུས་ཆེན་འཛུགས་གཉེར་བྱེད་རྒྱུ་རེད། ཐེངས་འདིའི་དུས་སྟོན་ནང་འབྱོར་ཕྱུག་གི་དར་མདོ།བདེ་སྐྱིད་ཀྱི་དར་མདོ། འཆམ་མཐུན་གྱི་དར་མདོ།མཛེས་སྡུག་གི་དར་མདོའི་རྣམ་པ་མངོན་པ་དང་ཁྱབ་སྤེལ་བྱས་ནས་དར་མདོའི་དམངས་སྲོལ་རིག་གནས་དར་སྤེལ་དང་ཡུལ་སྐོར་ཐོན་རྫས་ཀྱི་ཞབས་ཕྱི་མ་ལག་ཟུང་འབྲེལ་བྱེད་པར་སྐུལ་འདེད་གཏོང་བ་དང་། དར་མདོར་དམིགས་བསལ་དུ་ཡོད་པའི་མཛེས་ལྗོངས།《དར་མདོའི་མཛའ་གཞས》ཀྱི་སྙན་གྲགས་བེད་སྤྱོད་གང་ལེགས་བྱས་ཏེ་དར་མདོའི་ཡུལ་མི་ཚོའི་དམངས་སྲོལ་རིག་གནས་དང་དུས་སྟོན་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་པོ་བྱེད་ཆེད། ཚེས13ཉིན་གྱི་སྔ་དྲོར་དར་མདོའི་ལྷ་མོ་རྩེ་དགོན་པའི་ནང་བསྟན་ཆོས་ལུགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་ཚུགས་པ་དང་ཕག་མོ་རིའི་མཛའ་གཞས་གླིང་གའི་ནང་སྐབས་གཉིས་པའི་དྲི་ཟའི་སྒྱུ་རྩལ་འཁྲབ་སྟོན་བྱས་པ་དང་། ཚེས13ཉིན་ནས20ཉིན་བར་དར་མདོ་གྲོང་ཁུལ་དུ་དར་མདོར་ཡོད་པའི་ཉིན་གཅིག་ཅེས་པའི་པར་རིས་འགྲེམ་སྟོན་བྱ་རྒྱུ་དང་། ཚེས14ཉིན་གྱི་སྔ་དྲོར་དར་མདོའི་ལྷ་མོ་རྩེ་དགོན་པ་དང་ལྔ་མཆོད་དགོན་པའི་གྲྭ་བཙུན་རྣམས་གདན་འདྲེན་ཞུས་ནས་ཕག་མོ་རིའི་མཛའ་གཞས་གླིང་ག་རུ་སྐུ་ཐང་ཆེན་མོ་བཤམས་པ་དང་བསང་མཆོད་འཁྲུས་གསོལ་གྱི་བྱེད་སྒོ་སྤེལ་རྒྱུ་རེད། སྐབས་བདུན་པའི་ཕག་མོ་རིའི་རྒྱལ་སྤྱིའི་རི་འཛེགས་བྱེད་སྒོ་སྤེལ་བ་དང་མང་ཚོགས་སྒྱུ་རྩལ་འཁྲབ་སྟོན་བྱེད་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1