ཞི་ཅིན་ཕིང་གིས་ཕོ་ལན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་བརྩམས།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-20


  སྤྱི་ཟླ་6པའི་ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཝར་སོ་རུ་ཕེབས་ཏེ་ཕོ་ལན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་བརྩམས།  

  ཞི་ཅིན་ཕིང་གིས་ཕོ་ལན་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྨོན་འདུན་ཞུས། ཁོང་གིས་ཕོ་ལན་ནི་ཀྲུང་གོ་གསར་པར་འབྲེལ་བ་བཙུགས་པའི་རྒྱལ་ཁབ་ཆེས་ཐོག་མའི་གྲས་ཡིན་ལ། ཀྲུང་གོ་དང་ཕོ་ལན་རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་ངོ་67འགོར་བའི་རིང་ལ། དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་བཟུང་། ཉེ་བའི་ལོ་ཤས་རིང་ལ་རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་མཛའ་མཐུན་འབྲེལ་བ་བཙུགས་པ་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་ཇེ་མང་དུ་གྱུར་བ་མ་ཟད། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་དང་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་སྒྲིག་གཞིའི་ཁྲོད་མཉམ་ལས་བཟང་པོ་བྱས། ཀྲུང་གོའི་ཕྱོགས་ནས་ཕོ་ལན་བར་གྱི་འབྲེལ་བར་མཐོང་ཆེན་ཆེན་པོ་བྱེད་བཞིན་ཡོད་པ་དང་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་འབྲེལ་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་རྒྱ་སྐྱེད་དེ་ཀྲུང་གོ་དང་ཕོ་ལན་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏང་བའི་རེ་བ་ཡོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1