ལི་ཁེ་ཆང་གིས་ལ་ཝོ་སིའི་ཙུང་ལི་ཐོན་ལོན་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-15



        སྤྱི་ཟླ་7པའི་ཚེས་14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཨུ་ལན་དཔའ་ཐུལ་ནས་ལ་ཝོ་སིའི་ཙུང་ལི་ཐོན་ལོན་ལ་མཇལ་འཕྲད་གནང་། 
        ལི་ཁེ་ཆང་གིས་ཀྲུང་གོ་དང་ལ་ཝོ་སི་ནི་ཁྱིམ་མཚེས་བཟང་པོ་དང་སྲོལ་རྒྱུན་གྱི་མཛའ་མཐུན་འབྲེལ་བ་རྒྱུན་རིང་བའི་རྒྱལ་ཁབ་གཉིས་ཡིན་པ་རེད། ཀྲུང་གོའི་ཕྱོགས་ནས་ལ་ཝོ་སི་དང་འབྲེལ་བ་བཙུགས་ནས་ལོ་འཁོར་55ལོན་པའི་འགོ་བརྩམས་ས་གསར་པ་ནས་མཐོ་རིམ་འགྲོ་འོང་དམ་ཟབ་དང་མུ་མཐུད་དུ་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ། ཁྱབ་ཁོངས་སོ་སོའི་དངོས་དོན་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་པར་མ་ཟད། རྒྱལ་སྤྱིའི་དང་ས་གནས་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་དང་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་གོམ་གང་མདུན་སྤོས་སྒོས་ཀྲུང་གོ་དང་ལ་ཝོ་སིའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་མཛའ་མཐུན་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏང་འདོད་ཅེས་བསྟན། 
        ཐོན་ལོན་གྱིས་ལ་ཝོ་སི་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་ཕྱིན་པ་ཤིན་ཏུ་ལེགས་པ་དང་ཟོང་ཚོང་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་བཞིན་པར་མ་ཟད། མཉམ་ལས་ལས་གཞི་ཆེ་གྲས་ཁག་བརྟན་བརླིང་ངང་གོང་འཕེལ་དུ་འགྲོ་བཞིན་འདུག དེ་མིན་རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་ཀྱི་བརྗེ་རེས་དང་མཐུན་སྦྱོར་རྒྱུན་འཁྱོངས་བྱས་པ་ལེགས་ཤིང་། ལ་ཝོ་སིའི་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་མཉམ་དུ་གོམ་གང་མདུན་སྤོས་སྒོས་མཐོ་རིམ་འགྲོ་འོང་དམ་ཟབ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བྱས་ཏེ་ལ་ཝོ་སི་དང་ཀྲུང་གོའི་ལྕགས་ལམ་ལས་གཞི་ད་ལོའི་ཚུན་ལ་ཁྱོན་ཡོངས་ནས་འགོ་བརྩམས་པར་ཧུར་བརྩོན་བྱ་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1