ལི་ཁེ་ཆང་གིས་ཨུ་རུ་སུའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུ་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-16



        སྤྱི་ཟླ་7པའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཨུ་ལན་དཔའ་ཐུལ་ནས་ཨུ་རུ་སུའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུ་ལ་མཇལ་འཕྲད་གནང་།

        ལི་ཁེ་ཆང་གིས་ད་ལོ་ནི་《ཀྲུང་གོ་དང་ཨུ་རུ་སུའི་ཁྱིམ་མཚེས་མཛའ་མཐུན་ཆིངས་ཡིག》བཀོད་ནས་ལོ་འཁོར་15འགོར་བའི་ལོ་རེད། ཀྲུང་གོའི་ཕྱོགས་ནས་ཨུ་རུ་སུ་དང་མཉམ་དུ་ཆབ་སྲིད་ཡིད་ཆེས་སྲ་བརྟན་དང་ཁྱབ་ཁོངས་སོ་སོའི་དངོས་དོན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་སྤྱི་དང་ས་གནས་ལས་དོན་ཁྲོད་ཀྱི་བརྗེ་རེས་དང་མཐུན་སྦྱོར་དམ་ཟབ་བྱེད་པ་དང་། ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་གྲོས་ཚོགས་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་ཀྱི་སྒྲིག་ཁྲོད་འོག་མཉམ་འབྲེལ་སྤེལ་ནས་ཐུན་མོང་གི་ཁེ་ཕན་ལ་འགན་སྲུང་དང་རྒྱལ་ཁབ་གཉིས་དང་ཨེ་ཤ་ཡ། ཡོ་རོབ་གླིང་། དེ་མིན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏང་འདོད་ཅེས་བསྟན།། 

        མེ་ཏི་ཝེ་ཅེ་ཧྥུ་ཡིས་ཀྲུང་གོ་ནི་ཨུ་རུ་སུའི་ཆེས་ཆེ་བའི་བཟོ་ཚོང་གྲོགས་པོ་ཡིན། ཨུ་རུ་སུའི་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་མཉམདུ་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་དང་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་སྦྲེལ་མཐུད་དང་། དེ་མིན་སྦུབས་ལམ་ལས་གཞིའི་མཉམ་ལས་ལ་ཤུགས་གནོན་དང་ཉིང་ནུས་ཀྱི་ཕྱོགས་གསུམ་པའི་ཚོང་རའི་མཉམ་ལས་སྤེལ་ནས་ཨུ་རུ་སུ་དང་ཀྲུང་གོའི་མཉམ་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏང་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1