ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཉི་སིའི་འཇིགས་སྐུལ་པའི་འཇབ་རྒོལ་དོན་རྐྱེན་ཐད་ནས་ཧྥ་རན་སིའི་སྲིད་འཛིན་ཨོ་ལང་ཏི་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 07-16



        སྤྱི་ཟླ་7པའི་ཚེས་15ཉིན། རྒྱབ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཉི་སིའི་འཇིགས་སྐུལ་པའི་འཇབ་རྒོལ་དོན་རྐྱེན་ཐད་ནས་ཧྥ་རན་སིའི་སྲིད་འཛིན་ཨོ་ལང་ཏི་ལ་འཚམས་འདྲིའི་གློག་འཕྲིན་བཏང་སྟེ་ཐེངས་འདིའི་དྲག་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་ཞིང་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བ་རྣམས་ལ་མྱ་ངན་ཞུས་ཤིང་རྨས་ཕོག་པ་དང་འདས་པོའི་ཁྱིམ་མི་དག་ལ་བརྩེ་བའི་འཚམས་འདྲི་ཞུས། 

        ཞི་ཅིན་ཕིང་གིས་འཇིགས་སྐུལ་རིང་ལུགས་ནི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་གདོང་གཏོད་པའི་ཐུན་མོང་གི་འཇིགས་སྣང་ཡིན་ལ། ཀྲུང་གོའི་ཕྱོགས་ཀྱིས་བློ་ཐག་རྦད་ཆོད་སྒོས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་ཧྥ་རན་སི་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་པར་མ་ཟད། ཧྥ་རན་སི་ཕྱོགས་དང་མཉམ་དུ་འཇིགས་སྐུལ་ངོ་རྒོལ་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་མཉམ་དུ་ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་དང་འཛམ་གླིང་གི་བདེ་འཇགས་དང་ཞི་བདེར་སྲུང་སྐྱོབ་བྱ་འདོད་ཅེས་བསྟན།། 

 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1