ཏ་དབྱིན་དཔེ་མཛོད་ཁང་དུ་《ཧ་ལི་པོ་ཐེ།》ཡི་ཐོག་མའི་སྒྲུང་གཏམ་པར་སྐྲུན་བྱས་ནས་ལོ་འཁོར་20ལོན་པར་རྟེན་འབྲེལ་འགྲེམ་སྟོན་བྱས།

ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ།ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 08-10


   སྤྱི་ཟླ་8པའི་ཚེས་8ཉིན། ལོན་ཏོན་གྱི་ཏ་དབྱིན་དཔེ་མཛོད་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། 2017ལོའི་སྤྱི་ཟླ་10པའི་ཚེས་20ཉིན། ཧ་ལི་པོ་ཐེ་ཡི་རྫུ་འཕྲུལ་འཇིག་རྟེན་གྱི་ཆེད་སྒྲིག་འགྲེམ་སྟོན་བྱ་རྒྱུ་ཡིན་པ་དང་། 《ཧ་ལི་པོ་ཐེ།》མུ་འབྲེལ་སྒྲུང་གཏམ་གྱི་ཆེས་ཐོག་མའི་སྒྲུང་གཏམ་《ཧ་ལི་པོ་ཐེ་དང་རྫུ་འཕྲུལ།》པར་སྐྲུན་བྱས་ཏེ་ལོ་འཁོར་20ལོན་པར་རྗེས་དྲན་བྱ་རྒྱུ་རེད།  

      འགྲེམ་སྟོན་ཁྲོད་བུད་མེད་རྩོམ་པ་པོ་J.K.ལུའོ་ལིན་གྱི་ལག་བྲིས་དང་། ཁྲུའུ་པན་ཧྲང་པུའུ་ལུའུ་མུའུ་སི་པོ་ལི་པར་སྐྲུན་བྱས་པའི་ཡིག་ཚགས་ཀྱི་རྒྱུ་ཆ་བཅས་འདུས་ཡོད། དེ་བཞིན་ཏ་དབྱིན་དཔེ་མཛོད་ཁང་དུ་ཉར་བའི་གནའ་བོའི་རྫུ་འཕྲུལ་གྱི་དཔེ་ཆ་ཁ་ཤས་དང་། ལག་བྲིས་དང་རིག་དངོས་ཀྱང་མང་པོ་ཡོད་པ་རེད། འགྲེམ་སྟོན་སྟེང་རྫུ་འཕྲུལ་འཛམ་གླིང་གི་ས་གནས་སོ་སོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ངོ་སྤྲོད་བྱ་རྒྱུ་ཡིན་པ་དང་། ལོ་ངོ་བརྒྱ་ཕྲག་སྔོན་ལ་འབྲུག་དང་སེང་གེ་བྲིས་པའི་དུས་རབས་བར་མའི་ལག་བྲིས་དང་རྫུ་འཕྲུལ་གྱི་འབྱུང་ཁུངས་སོགས་འདུས་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1