ཞིང་ཆེན་ཡོངས་ཀྱིས་བོད་དབྱི་རིགས་ས་ཁུལ་གྱི་དབུལ་ཕོངས་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་ཀའི་ཚོགས་འདུ་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མས་བསྒྱུར།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 08-23


     སྤྱི་ཟླ་8པའི་ཚེས་21ཉིན། ཞིང་ཆེན་ཡོངས་ཀྱིས་བོད་དབྱི་རིགས་ས་ཁུལ་གྱི་དབུལ་ཕོངས་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་ཀའི་ཚོགས་འདུ་དེ་ཁྲེན་ཏུའུ་ནས་ཚོགས། ཚོགས་ཐོག་ཏུ་ཀྲུང་དབྱང་གིས་ཤར་ནུབ་ཕྱོགས་ཀྱི་དབུལ་སྐྱོར་རོགས་རམ་བྱེད་པའི་བཞུགས་མོལ་ཚོགས་འདུ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་དང་དོན་འཁྱོལ་ཡོང་བ་བྱས།  སྐོར་ཐེངས་དང་པོའི་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་ལས་ཀར་ཕྱོགས་བསྡོམས་དང་གཟེངས་བསྟོད་བྱས། གནས་བབ་གསར་པའི་འོག་ཞིང་ཆེན་ནང་ཁུལ་ནས་བོད་དབྱི་རིགས་ས་ཁུལ་གྱི་དབུལ་ཕོངས་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་ཀར་བཀོད་སྒྲིག་བྱས་ཡོད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་ཚོགས་འདུར་ཞུགས་ཡོད་པ་མ་ཟད་གསུང་བཤད་གནང་།
     ཚོགས་ཐོག་ཏུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་《སི་ཁྲོན་ཞིང་ཆེན་གྱིས་ཞིང་ཆེན་ནང་ཁུལ་ནས་བོད་དབྱི་རིགས་ས་ཁུལ་གྱི་དབུལ་ཕོངས་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་ཀའི་བྱེད་ཐབས།》སྒྲོག་སྦྱང་གནང་པ་དང་།  ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་པུའུ་ཀྲང་ཧྥན་རུའེ་ཕིན་གྱིས་《སི་ཁྲོན་ཞིང་ཆེན་གྱིས་ཁ་གཏད་རོགས་སྐྱོར་ལས་ཀའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་གཏན་འབེབས།》སྒྲོག་སྦྱང་གནང་། ཞིང་ཆེན་གྱི་འགོ་ཁྲིད་པ་རྣམས་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་བྱ་དགའ་གནང་།  ཁྲེན་ཏུའུ་གྲོང་ཁྱེར་དང་ཅང་ཡིའུ་གྲོང་ཁྱེར། འཛམ་ཐང་རྫོང་། རྟའུ་རྫོང་། པུའུ་ཐོ་རྫོང་བཅས་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པའི་གཏམ་བཤད་གནང་ལ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་གོ་ཀྲུང་གིས་ཚོགས་འདུ་ལ་གཙོ་སྐྱོང་བཞེས། །



 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1