སི་ཁྲོན་གྱི་ཚོང་བ་200ལྷག་མཉམ་དུ་འཛོམས་ནས་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་གླེང་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 09-12


        ཉེ་ཆར། སི་ཁྲོན་གྱི་ཚོང་བ་200ལྷག་ཏཱ་དབྱི་རྫོང་ཨན་རིན་གནའ་གྲོང་ཅན་ཁྲོན་དངོས་མང་བཤམ་སྟོན་ཁང་དུ་འཛོམས་ནས། མཉམ་གཅིག་ཏུ་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་སྐོར་གླེང་། ད་ལོ་ནི་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་80ལོན་པའི་ལོ་ཡིན་པ་དང་། ཅན་ཁྲོན་དངོས་མང་བཤམས་སྟོན་ཁང་གིས་བཤམས་ཁང་27ནང་གི་དམར་དམག་རྒྱང་སྐྱོད་དེ་སི་ཁྲོན་དུ་སྐྱོད་པ་ཞེས་པའི་རྗེས་དྲན་ཁང་ཉེ་ཆར་དངོས་སུ་ཕྱི་ཕྱོགས་སུ་སྒོ་ཕྱེས་པ་རེད། 
        ལོ་ངོ་བརྒྱད་བཅུའི་སྔོན་དུ་དམར་དམག་གི་དཔོན་དམག་རྣམས་གངས་རི་དང་། སྤང་ཐང་། རྒྱལ་མོའི་རྔུལ་ཆུ་བཅས་བརྒལ་བ་དང་། ལྕགས་ཟམ་ཁ་བཅས་ཀྱག་ཀྱོག་གི་བགྲོད་ལམ་བརྒྱུད་ནས་ཡུན་རིང་བོར་འཐབ་འཁྲུག་བརྒྱབ་མཐར། རྔུལ་ཁྲག་དང་ཡིད་ཆེས་ཀྱིས་སི་ཁྲོན་གྱི་ལོ་རྒྱུས་ཐོག་ཏུ་དཀའ་ངལ་བརྒྱ་ཕྲག་ལ་མི་སྐྲག་པ་དང་། རང་སྲོག་བློས་གཏོང་བར་མི་སྐྲག་པའི་བསྟོད་གླུའི་ཁེངས་སུ་བཅུག  ཁེ་ལས་བ་རྣམས་ཀྱིས་རྗེས་དྲན་ཁང་ནང་དུ་འགྲེམ་སྟོན་བྱས་ཡོད་པའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་དག་ལ་གཟིགས་ནས། འདས་སོང་གི་ལོ་རྒྱུས་ལས་སྨྲ་བརྗོད་ལས་འདས་པའི་ཚོར་བ་ཟབ་མོ་ཞིག་རྒྱུད་ལ་སྐྱེས། སི་ཁྲོན་ལན་བཀང་དང་ཅིན་ཧྲི་ལས་རིགས་མ་རྐང་ཚད་ཡོད་ཀུང་སིའི་འགོ་འཛིན་པ་དབྱང་ཁིན་གྱིས་དཔལ་འབྱོར་མར་ཆགས་པའི་གནོན་ཤུགས་ཆེན་པོའི་ཁོར་ཡུག་གི་འོག ཁེ་ལས་པ་ཤིག་ཡིན་པའི་ཆ་ནས། ངེས་པར་དུ་བློ་བརྟན་འགྱུར་མེད་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པའི་རྒྱང་བསྐྱོད་སྙིང་སྟོབས་ཡོད་དགོས་ཅེས་གསུངས། སི་ཁྲོན་འཛུགས་སྐྲུན་གྱི་ལོ་རྒྱུས་མཚོན་པའི་དངོས་མང་བཤམས་སྟོན་ཁང་གི་འགོ་འཛིན་ཧྥན་ཅན་ཁྲོན་གྱིས་ངོ་སྤྲོད་བྱ་རྒྱུར། དམར་དམག་རྒྱང་སྐྱོད་ནི་སི་ཁྲོན་གྱི་རྫོང་དང་གྲོང་ཁྱེར་མང་པོ་ཞིག་བརྒྱུད་པ་དང་།  ཐེངས་འདིའི་བྱེད་སྒོའི་ཁྲོད་སི་ཁྲོན་གྱི་སྐད་གྲགས་ཅན་གྱི་ཚོང་བ་དང་སི་ཁྲོན་དུ་བཅའ་སྡོད་བྱས་ཡོད་པའི་ས་གནས་གཞན་པའི་ཚོང་ཚོགས་30ལྷག་སོགས་སི་ཁྲོན་གྱི་ཚོང་བ་200ལྷག་གདན་ཞུ་བྱེད་དོན་ནི་གཙོ་བོ་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་དེ་མི་རབས་ནས་མི་རབས་བར་དུ་རྒྱུད་འཛིན་དང་། དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་ཁེ་ལས་བའི་སྙིང་སྟོབས་གཉིས་མཉམ་འདྲེས་ཡོང་བ་བྱས་ནས། མཉམ་གཅིག་ཏུ་མཛེས་སྡུག་ལྡན་པའི་སི་ཁྲོན་འཛུགས་སྐྲུན་བྱ་ཆེད་ཡིན་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1