2014ལོའི་ཀྲུང་གོ་(མཚོ་སྔོན)དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་ གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གྲལ་གོར་གྲོས་ཚོགས་ རྣམ་རྒྱལ་མགྲོན་གླིང་ནས་ཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-26


        2014ལོའི་ཀྲུང་གོ(མཚོ་སྔོན)དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གྲལ་གོར་གྲོས་ཚོགས་ཚེས་15ཉིན་གྱི་ཕྱི་དྲོར་རྣམ་རྒྱལ་མགྲོན་གླིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། ཧྲིན་ཀྲང་ཧའོ་ཕིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཞའོ་གྲོས་ཚོགས་སུ་ཞུགས་པ་མ་ཟད་འབྲེལ་ཡོད་དཔལ་འབྱོར་ཉོ་ཚོང་མཉམ་ལས་བརྗེད་ཐོ་བཀོད།
        ཐེངས་འདིའི་གྲོས་ཚོགས་ནས་མཚོ་སྔོན་དང་དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་གྱི་ཕྱོགས་ཡོངས་དང་། ཁྱབ་ཁོངས་ཆེན་པོ། གཏིང་ཟབ་པའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་དམིགས་ནས། མཉམ་དུ་ས་ཁོངས་དཔལ་འབྱོར་འཕར་སྣོན་བྱེད་ས་གསར་བ་བསྐྲུན་པའི་བྱ་བར་གྲོས་བསྡུར་ཟབ་མོ་བྱས་ནས། མཇུག་མཐར་ཐུན་མོང་གི་ལྟ་བ་གསུམ་བཏོན་པ་སྟེ། གཅིག་ནས་འབྲེལ་འདྲིས་གྲོས་མཐུན་བྱ་བར་ཤུགས་སྣོན་དགོས་པ། གཉིས་ནས་མཉམ་ལས་ཁྱབ་ཁོངས་གསར་སྤེལ་བྱེད་པ། གསུམ་ནས་སྲིད་ཇུས་ཞབས་ཞུའི་བྱ་བར་ཤུགས་སྣོན་དགོས་པ་བཅས་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1