འཇར་པན་གྱི་ཧྥུ་ཏའོ་རྫོང་གི་ཉེ་འགྲམ་གྱི་མཚོ་རྒྱུད་དུ་ཚད་རིམ་7.4ཅན་གྱི་ས་འགུལ་བྱུང་བ།

ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 11-23


        སྤྱི་ཟླ་11པའི་ཚེས་22ཉིན། འཇར་པན་གྱི་ཧྥུ་ཏའོ་རྫོང་ཞང་མ་གྲོང་ཁྱེར་དུ། མེ་ཟོན་མི་སྣས་མཚོ་ངོས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་བཞིན་འདུག  འཇར་པན་གྱི་གནམ་གཤིས་ཐིང་ལས་བསྒྲགས་པའི་གནས་ཚུལ་ལྟར་ན། ས་གནས་དེ་གའི་དུས་ཚོད་དེ་སྤྱི་ཟླ11པའི་ཚེས་22ཉིན་གྱི་ཆུ་ཚོད་5པའི་སྐར་མ་59སྟེང་(པེ་ཅིང་གི་དུས་ཚོད་4པའི་སྐར་མ་59)ལ། འཇར་པན་གྱི་ཧྥུ་ཏའོ་རྫོང་གི་ཉེ་འགྲམ་གྱི་མཚོ་རྒྱུད་དུ་ཚད་རིམ་7.4ཅན་གྱི་ས་འགུལ་བྱུང་། ཧྥུ་ཏའོ་རྫོང་གི་མི་གཉིས་རྨས་སྐྱོན་ཕོག་པ། འཇར་པན་གྱི་གནམ་གཤིས་ཐིང་གི་མཚོ་འཕྱུར་ཉེན་བརྡ་བཏང་།།  



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1