ཞིང་ཆེན་སྲིད་གཞུང་གིས་རྣམ་པ་གསར་པའི་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་དང་གནོད་འགོག་གནོད་སེལ་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་གནང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 12-06


          སྤྱི་ཟླ་12པའི་ཚེས་5ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་136པའི་ཚོགས་འདུར་གཙོ་སྐྱོང་གནང་སྟེ། རྣམ་པ་གསར་པའི་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་དང་གནོད་འགོག་གནོད་སེལ་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་གནང་།
          ཚོགས་ཐོག་ཏུ་《རྣམ་པ་གསར་པའི་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར།》དང་《སི་ཁྲོན་ཞིང་ཆེན་གྱིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་གནོད་འགོག་གནོད་སེལ་གྱི་འཆར་འགོད། 》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། ཕན་ནུས་ལྡན་པའི་སྒོ་ནས་གནོད་འགོག་གནོད་སེལ་གྱི་ཚན་རྩལ་འདེགས་སྐྱོར་གྱི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་བ། མུ་མཐུད་དུ་སྤྱི་དམངས་ཡོངས་ཀྱི་གནོད་འགོག་གནོད་སེལ་གྱི་འདུ་ཤེས་ལ་ཤུགས་སྣོན་བྱེད་པ། ཁྱོན་ཡོངས་ནས་རང་བྱུང་གནོད་འཚེ་ཡི་ཕྱོགས་བསྡུས་འགོག་སྲུང་གི་ནུས་པ་མཐོར་འདེགས་སུ་གཏོང་བའི་ཐད་དུ། གནོད་འགོག་གནོད་སེལ་དང་རྒུད་སྐྱོབ་བྱ་བར་དོ་དམ་བྱེད་པའི་ནང་རྐྱེན་འཐུས་ཚང་སུ་གཏོང་དགོ་པའི་བླང་བྱ་བཏོན། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། ཉེན་ཁ་དོ་དམ་བྱེད་པ་བཅས་ཀྱི་ནུས་པ་སྐྱེད་བསྲིང་བྱས་ཐོག མགྱོགས་མྱུར་ངང་བདེ་འཇགས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཕྱོགས་བསྡུས་འགོག་སེལ་གྱི་ནུས་པ་སྐྱེད་སྲིང་སོགས་རྣམ་གྲངས་ཆེན་མོ་བདུན་གྱི་འགན་ཁུར་དང་ས་གཤིས་གནོད་འཚེ་བཅོས་སྐྱོང་དང་། ཞོད་ཐན་སྔོན་འགོག གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག ས་ཡོམ་གྱི་གནོད་འཚེ་སྔོན་འགོག་སོགས་ཆུང་དུ་གཏོང་བ་སོགས་རྣམ་གྲངས་གལ་ཆེན་བརྒྱད་ལ་ཤུགས་སྣོན་བྱ་དགོས་པའི་བླང་བྱ་བཏོན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1