གཙོ་ངོས།>> སི་ཁྲོན་བོད་ཁུལ།>>དཀར་མཛེས།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༡ཚེས་༡༢ཉིན།

གསེར་རྟ་རྫོང་གིས་བཞི་བསྐྱལ་བྱེད་སྒོ་སྤེལ།

        

        སྤྱི་ཟླ་1པོའི་ཚེས་9ཉིན། གསེར་རྟ་རྫོང་གིས་འབྲེལ་ཡོད་ལས་ཁུངས་སྒྲིག་འཛུགས་བྱས་ཏེ་གྲོང་རྡལ་17ལྷག་ལ་སྲིད་ཇུས་དང་ཁྲིམས་ལུགས། ལག་རྩལ་བསྐྱལ་བ་ཞེས་པའི་བྱེད་སྒོ་སྤེལ་རྗེས་དྲོད་ཁོལ་བསྐྱལ་བ་ཞེས་པའི་བྱེད་སྒོ་ཞིག་ཁ་སྣོན་བྱས།

        བྱེད་སྒོའི་ཁྲོད་སྨན་པ་རྣམས་ཀྱིས་གྲྭ་བཙུན་རྣམས་ལ་ཁྲག་ཤེད་དང་ཁྲག་མངར་སོགས་ཀྱི་རྟོག་ཞིབ་དང་འཕྲུལ་ཆས་ཀྱི་རྟོག་ཞིབ་བྱས། སྨན་བཅོས་མི་སྣས་གྲྭ་བཙུན་རེ་རེའི་གནས་ཚུལ་དང་བསྟུན་ནས་ཞིབ་ཕྲས་སྨན་བཅོས་དང་སྨན་རྫས་སྣ་མང་སྤྲད། དེ་མིན་བྱེད་སྒོའི་ཁྲོད་བདེ་ཐང་ལག་དེབ་དང་ཁྲིམས་ལུགས་ཤེས་རིག་གི་ཁྱབ་བསྒྲུགས་དཔེ་1280དང་འདྲི་ཤོག་བརྟག་དཔྱད་རེའུ་མིག་300ལྷག་འགྲེམ་སྤེལ་དང་།གྲྭ་བཙུན་320ལྷག་ལ་རིན་མེད་སྒོས་ལུས་པོར་རྟག་དཔྱད་བྱས།།

 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1