གཙོ་ངོས།>> སི་ཁྲོན་བོད་ཁུལ།>>དཀར་མཛེས།

དབྱངས་ཅན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༣ཚེས་༠༦ཉིན།

དཀར་མཛེས་ཁུལ་གྱིས་བོད་ཡིག་དྲ་བའི་སློབ་ཁྲིད་ཐོན་ཁུངས་གསར་སྦོལ་བྱས།

        ཉེ་ཆར། གསར་འགོད་པས་ཁུལ་གློག་རྡུལ་སློབ་ཁྲིད་ཁང་ནས་ཤེས་རྟོགས་བྱུང་དོན། རང་ཁུལ་གྱི་སློབ་ཆུང་བོད་ཡིག་གི་དྲ་ཐོག་སློབ་ཁྲིད་ཐོན་ཁུངས་གསར་སྦོལ་གྱི་ལས་ཀ་བྲེལ་འཚུབ་ངང་སྤེལ་བཞིན་འདུག ཐེངས་འདིའི་སློབ་ཁྲིད་ཐོན་ཁུངས་གསར་སྦོལ་བྱེད་པའི་ལས་ཀ་དེར་རང་ཁུལ་གྱི་བོད་ཡིག་སློབ་ཁྲིད་ཐད་གསར་གཏོད་རང་བཞིན་གྱི་དོན་སྙིང་ལྡན་པ་རེད། 
        ཐེངས་འདིའི་གསར་སྦོལ་བྱས་པའི་བོད་ཡིག་དྲ་བའི་སློབ་ཁྲིད་ཐོན་ཁུངས་ནི་དཀར་མཛེས་ཁུལ་སློབ་ཁྲིད་ཚན་རྩལ་ཁང་དང་ཁུལ་གློག་རྡུལ་སློབ་ཁྲིད་ཁང་གཉིས་ཀྱིས་ཐུན་མོང་དུ་སྒྲིག་འཛུགས་དང་ལག་བསྟར་བྱས་པ་ཡིན་ལ། མཚོ་སྔོན་དང་སི་ཁྲོན་སོགས་ཞིང་ཆེན་ལྔ་ཡིས་གཅིག་གྱུར་གྱིས་བཟོ་འགོད་བྱས་པ་ཡིན། དེའི་ནང་སློབ་ཆུང་ལོ་རིམ་དང་པོ་ནས་ལོ་རིམ་དྲུག་པའི་བར་གྱི་སློབ་ཚན་ཡོད་ཚད་ཀྱིPPTདང་ཁྲིད་ཡིག་ཐམས་ཅད་འདུས་ཡོད། 2016ལོའི་ཟླ་བ12པའི་ཚེས24ཉིན་ནས་བཟུང་ཐོག་མར་སློབ་ཆུང་ལོ་རིམ་དང་པོ་ནས་དྲུག་པའི་བར་གྱི་སྨད་ཆའི་སློབ་ཚན་ཡོད་ཚད་གསར་སྦོལ་བྱ་ཐུབ་རྒྱུ་རེད། སྔོན་དཔག་བྱས་ན2017ལོའི་ཟླ་བ3པའི་ཟླ་སྟོད་དུ་ཐོན་ཁུངས་དེ་དཀར་མཛེས་ཁུལ་གྱི་རིག་ནུས་སློབ་གསོའི་ལས་སྟེགས་ཐོག་བརྒྱུད་སྤེལ་བྱས་ནས་ཁུལ་ཡོངས་ཀྱི་སློབ་ཆུང་དགེ་སློབ་ལ་ཐུན་མོང་དུ་སྤྱོད་ཐུབ་པ་བྱ་རྒྱུ་དང་། 2017ལོའི་ཟླ་བ7པར་སློབ་ཆུང་ལོ་རིམ་དང་པོ་ནས་དྲུག་པའི་བར་གྱི་སྟོད་ཆའི་སློབ་ཚན་ཡོད་ཚད་ཀྱི་ནང་དོན་གསར་སྦོལ་བྱ་ཐུབ་རྒྱུ་རེད།
        ཐེངས་འདིའི་གསར་སྦོལ་བྱེད་མཁན་གྱི་སྤྱི་ཁྱབ་འགན་ཁུར་པ་ཡེ་ཤེས་རྒྱ་མཚོས་བཤད་པ་ལྟར་ན། རང་ཁུལ་བྱང་རྒྱུད་ཀྱི་རྫོང8ལ་བརྟག་ཞིབ་བྱས་ནས་རྒྱུས་ལོན་བྱུང་དོན། བོད་ཡིག་སློབ་ཁྲིད་ཐོན་ཁུངས་མི་འདང་བའི་རྐྱེན་གྱིས་བོད་ཡིག་དགེ་རྒན་དག་གིས་སློབ་ཁྲིད་གྲ་སྒྲིག་དང་། ལས་བྱ་མཆན་འགོད་དང་དག་བཅོས་བྱེད་ཡུན་ཧ་ཅང་རིང་པོ་འགོར་སྟབས། དགེ་རྒན་ཚོས་སློབ་མའི་འཚོ་བ་དང་སེམས་ཁམས་སོགས་ལ་ཐུགས་ཁུར་བྱེད་པར་ལྷག་ལུས་ཐེབས་སྲིད་པ་རེད། དེར་བརྟེན་བོད་ཡིག་སློབ་ཁྲིད་ཐོན་ཁུངས་གསར་སྦོལ་བྱེད་པའི་ལས་ཀ་དེ་གནད་འགག་ཆེན་པོ་ཞིག་རེད། གོང་རིམ་སྡེ་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག ན་ལོའི་ཟླ་བ12པའི་ཚེས24ཉིན་ནས་བཟུང་གསར་སྦོལ་ལས་ཀ་དེ་དངོས་སུ་འགོ་བཙུགས་ནས་རང་ཁུལ་དུ་བོད་ཡིག་སློབ་ཁྲིད་ཐད་ཀྱི་དྲ་བའི་ཐོན་ཁུངས་ཐོག་མ་ཡོད་ཐུབ་པ་བྱུང་བས། གསལ་སྦོལ་བྱས་པའི་སློབ་ཚན་ཡོད་ཚད་ཚན་རིག་དང་མཐུན་པའི་པང་ཡིག་ཇུས་འགོད་བྱས་ཡོད། སློབ་ཚན་གྱི་ནང་དོན་ལྟར་རིག་གནས་དང་ལོ་རྒྱུས་སོགས་དྲི་བ200ལྷག་བཀོད་སྒྲིག་བྱས་ཡོད་པར་མ་ཟད། བརྒྱ་འཚོལ་སོགས་དྲྭ་ཚུགས་ནས་འབྲེལ་ཡོད་རྒྱ་ཡིག་ཐོག་གི་འགྲེལ་བཤད་འཚོལ་ཐུབ་པ་དང་། རྩོམ་སྒྲིག་བྱེད་པའི་སྐབས་གཅིག་གྱུར་ཐ་སྙད་སྤྱད་ནས་དགེ་རྒན་གྱིས་དོན་དངོས་ཀྱི་སློབ་ཁྲིད་དང་སློབ་མས་སློབ་སྦྱོང་བྱ་བདེ་བ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1